通知公告

您所在的位置: 网站首页 > 新闻中心 > 通知公告 > 正文

玛曲县关于从严从重从快严厉打击查处新冠肺炎疫情防控期间交通运输非法营运行为的通告(藏汉)

发布时间:2022-09-22 10:18:36来源: 点击:[]

当前,我州相邻部分市州发生新型冠状病毒感染的肺炎疫情,为全面落实省州县新冠肺炎疫情防控部署要求,落实落细各项防控措施、切实维护交通运输市场和公众出行环境,有效切断病毒传播途径,坚决遏制疫情蔓延,全力保障人民群众生命安全和身体健康,县交通运输局、县公安局决定,自即日起联合开展从严从重从快严厉打击查处新冠肺炎疫情防控期间交通运输非法营运行动。现将有关事项通告如下:

一、严格遵守州新冠肺炎疫情联防联控领导小组办公室关于暂停省市际客运班线要求,从严查处擅自从事涉疫区域客运班线违规经营行为。
二、严肃出租客运企业监管,从严查处出租客运经营者在汽车客运站、集贸市场等地趁机揽客,跨辖区从事违法违规运输经营行为。
三、严厉打击未取得道路运输经营许可,以巡游、网约、定制等运输方式,借助互联网平台“拼车”“包车”擅自揽客组客从事道路客运非法营运等行为。
四、严正警告从事非法营运人员,立即停止违法运营行为。对擅自违规从事道路客运经营和非法营运活动,扰乱疫情防控工作和社会管理秩序,交通运输部门将依据《中华人民共和国道路运输条例》《甘肃省道路运输条例》和交通运输部《巡游出租汽车经营服务管理规定》《网络预约出租汽车经营服务管理暂行办法》等法律法规从严从重从快处罚。
五、严厉敦促利用互联网平台及微信、QQ拼车群主,立即解散所有违法拼车群,停止发布拼车信息。对通告后仍我行我素、顶风作案、继续操持非法营运、扰乱客运市场秩序、造成疫情传播扩散等严重后果的,将依法予以严厉查处打击,情节严重构成犯罪的依法追究刑事责任。
六、对在贯彻落实疫情防控措施过程中妨碍、阻挠执法公务,串联、煽动、组织非法游行、集金、聚集闹事、聚众滋事、暴力抗法、阻塞交通、围堵机关单位等扰乱正常疫情防控工作和交通运输秩序,非法营运车辆载客造成疫情扩散的,公安部门依照《中华人民共和国治安管理处罚法》《中华人民共和国传染病防治法》等法律法规给子严肃处理,情节严重的,依法追究刑事责任。
七、诚请广大出行者要充分认识到非法营运车辆的社会危害性,提高自我保护意识,积极配合交通、公安部门执法检查,如实履行公民具证义务,自觉抵制拒乘非法营运车辆,严防严控疫情输入输出传播扩散。
八、呼吁广大群众尽量减少外出活动,坚决落实非必须非必要不出行要求,自觉佩戴口罩选乘电动车、出租车等经过消杀措施的合法营运车辆,配合相关部门全力做好疫情防控,共同筑牢疫情防控安全防线。
举报电话:县交通运输综合行政执法队:0941-6121004县公安局交通警察支队:0941-6127468

 

玛曲县新型冠状病毒感染的肺炎疫情联防联控

领导小组办公室交通检疫组

2022年9月20日

图片

 


༄༅།།རྨ་ཆུ་རྫོང་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་འཛིན་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་འགྲིམ་འགྲུལ་རིམས་ནད་ཞིབ་བཤེར་ཚོགས་ཆུང་གིས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་སྐབས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲིམས་འགལ་གྱིས་སྐྱེལ་འདྲེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།

མིག་སྔར།རང་རེའི་ཁུལ་གྱི་ཉེ་འཁོར་གྱི་གྲོང་ཁྱེར་དང་ཁུལ་ཁ་ཤས་སུ་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་རིམས་ནད་བྱུང་བ་དང་།ཞིང་ཆེན་དང་ཁུལ།རྫོང་གི་རིམས་ནད་གསར་བ་སྔོན་འགོག་ཚོད་འཛིན་གྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་ཆེད།དོན་འཁྱོལ་ཞིབ་ཚགས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་པ།འགྲིམ་འགྲུལ་སྐྱེལ་འདྲེན་ཀྱི་ཚོང་ར་དང་སྤྱི་དམངས་ཀྱི་འགྲོ་སྐྱོད་ཁོར་ཡུག་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས།ནད་དུག་མཆེད་པའི་ཐབས་ལམ་ནུས་ལྡན་ངང་གཅོད་པ་དང་རིམས་ནད་མཆེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ནུས་ཤུགས་གང་ཡོད་ཀྱིས་འགན་སྲུང་བྱ་དགོས་པས རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་རྫོང་སྤྱི་བདེ་ཅུས་ཀྱིས་ད་ནས་བཟུང་མཉམ་འབྲེལ་སྒོ་ནས་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་བྱེད་རིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར

གཅིག ཁུལ་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་འགོག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་འགྲུལ་སྐྱེལ་ལམ་ཐིག་གནས་སྐབས་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་བླང་བྱ་ལྟར་རིམས་ནད་དང་འབྲེལ་བ་ཡོད་པའི་ས་ཁོངས་ཀྱི་འགྲུལ་སྐྱེལ་ལམ་ཐིག་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་རིགས་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་རྒྱུ་རེད།

གཉིས། གླ་གཏོང་འགྲུལ་སྐྱེལ་ཁེ་ལས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ།གླ་གཏོང་འགྲུལ་སྐྱེལ་གཉེར་སྐྱོང་མཁན་ལ་རླངས་འཁོར་འགྲུལ་སྐྱེལ་ས་ཚུགས་དང་ཚོང་འདུས་ཁྲོམ་ར་སོགས་སུ་གོ་སྐབས་དང་བསྟུན་ནས་འགྲུལ་པ་བསྡུ་བ་དང་།ཁོངས་གཏོགས་ཁུལ་ལས་བརྒལ་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་སྐྱེལ་འདྲེན་གཉེར་སྐྱོང་གི་བྱེད་སྤྱོད་སྤེལ་གྱི་ཡོད་པ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་

གསུམ། འགྲོ་ལམ་སྐྱེལ་འདྲེན་གྱི་གཉེར་སྐྱོང་ཆོག་འཐུས་ཐོབ་མེད་པར་སྐོར་སྐྱོད་དང་།དྲ་ཐོག་གི་ཁ་ཆད།གཏན་འཁེལ་གྱི་སྐྱེལ་འདྲེན་སོགས་ཀྱི་བྱ་ཐབས་སྤྱད་དེ་དྲ་སྦྲེལ་ལས་སྟེགསརླངས་འཁོར་སྒྲིག་པདངརླངས་འཁོར་གླ་མཁནལ་བརྟེན་ནས་འགྲུལ་པ་སྒྲིག་འཛུགས་བྱས་ཏེ་ཁྲིམས་འགལ་ངང་གཞུང་ལམ་འགྲུལ་སྐྱེལ་སོགས་སྐྱེལ་འདྲེན་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས།

བཞི། ཁྲིམས་འགལ་གྱི་ལས་གཉེར་བྱེད་མཁན་ལ་ཐ་ཚིག་ནན་མོ་བསྒྲགས་ནསཁྲིམས་འགལ་གྱི་ལས་གཉེར་བྱ་སྤྱོད་འཕྲལ་མར་མཚམས་འཇོག་ཏུ་འཇུག་པ་དང་།རང་དགར་ཀྱིས་སྒྲིག་འགལ་ངང་གཞུང་ལམ་འགྲུལ་སྐྱེལ་གཉེར་སྐྱོང་དང་ཁྲིམས་འགལ་གྱིས་སྐྱེལ་འདྲེན་བྱེད་པའི་བྱེད་སྒོ་སྤེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་ཟང་ཟིང་བཟོས་པར་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་སྐྱེལ་འདྲེན་སྲོལ་ཡིགདང་།ཀན་སུའུ་ཞིང་ཆེན་གྱི་གཞུང་ལམ་སྐྱེལ་འདྲེན་སྲོལ་ཡིགའགྲིམ་འགྲུལ་སྐྱེལ་འདྲེན་པུའུསྐོར་སྐྱོད་གླ་གཏོང་རླངས་འཁོར་གཉེར་སྐྱོང་ཞབས་ཞུའི་དོ་དམ་གཏན་འབེབས》《དྲ་རྒྱའི་ཐོག་ནས་གླ་གཏོང་རླངས་འཁོར་གྱི་གཉེར་སྐྱོང་ཞབས་ཞུ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབསསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་ཉེས་ཆད་ལྗིད་མོ་དང་མྱུར་མོར་ཐག་གཅོད་བྱ་རྒྱུ་ཡིན།

ལྔ། དྲ་སྦྲེལ་ལས་སྟེགས་དང་སྐད་འཕྲིན།QQརླངས་འཁོར་གྱི་ཚོགས་གཙོ་བཅས་ལ་བརྟེན་ནས་ཁྲིམསའགལ་གྱི་རླངས་འཁོར་སྒྲིག་པའི་ཚོགས་པ་ཚང་མ་མེད་པ་བཟོས་ཏེ རླངས་འཁོར་སྒྲིག་པའི་ཆ་འཕྲིན་སྤེལ་མཚམས་འཇོག་དགོས་པའི་སྐུལ་ལྕག་ནན་མོགཏོང་བ བརྡ་ཁྱབ་བཏང་རྗེས་སྔར་བཞིན་རང་སྣང་གང་ཤར་བྱེད་པ་དང་།གང་འདོད་དུ་ཉེས་དོན་བཟོ་བ།ཁྲིམས་འགལ་ངང་མུ་མཐུད་དུ་སྐྱེལ་འདྲེན་བྱེད་པ།འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་དཀྲུག་པ།རིམས་ནད་མཆེད་ཚབས་ཆེ་རུ་གཏོང་བ་སོགས་ཀྱི་མཇུག་འབྲས་ཚབས་ཆེན་བཟོ་མཁན་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་ཉེས་ཚབས་ཆེ་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

དྲུག རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་རིམ་ཁྲོད་ཁྲིམས་འཛིན་གཞུང་དོན་ལ་འགོག་རྐྱེན་བཟོ་བ་དང་བཀག་འགོག་བྱེད་པ།ཁྲིམས་འགལ་ངང་ཁྲོམ་སྐོར་བྱེད་པ།དངུལ་བསྡུ་རུབ་བྱེད་པ།ངན་སྐུལ་བྱེད་པ།སྒྲིག་འཛུགས་བྱེད་པ།འདུ་འཛོམ་བྱས་ནས་ཟིང་ཆ་སློང་བ།མི་མང་མཉམ་རུབ་ཀྱིས་ཟིང་ཆ་སློང་བ།གཏུམ་སྤྱོད་ཀྱིས་འགོག་རྒོལ་བྱེད་པ། འགྲིམ་འགྲུལ་བཀག་འགོག་བྱེད་པ།འབྲེལ་ཡོད་སྡེ་ཁག་སྐོར་བ་སོགས་རྒྱུན་ལྡན་གྱི་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྲིག་ལམ་དཀྲུག་པ།ཁྲིམས་འགལ་གྱི་སྐྱེལ་འདྲེན་རླངས་འཁོར་ནང་འགྲུལ་པ་འཇོག་པའི་གནས་ཚུལ་མཆེད་རིགས་ལ་སྤྱི་བདེ་སྡེ་ཁག་གིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམསདང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམསསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་ཐག་གཅོད་ནན་མོ་བཏང་ནས། གནས་ཚུལ་ཚབས་ཆེན་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།

བདུན། རྒྱ་ཆེའི་འགྲོ་སྐྱོད་བྱེད་མཁན་ཚོས་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་གྱིས་སྤྱི་ཚོགས་ཀྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ།འགྲིམ་འགྲུལ་དང་སྤྱི་བདེ་སྡེ་ཚན་གྱི་ཁྲིམས་འཛིན་ཞིབ་བཤེར་ལ་གཞོགས་འདེགས་ཧུར་ཐག་བྱེད་པ།སྤྱི་དམངས་ལ་ལག་ཁྱེར་ཡོད་པའི་འོས་འགན་ཇི་མ་ཇི་བཞིན་སྒྲུབ་པ།ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་འཁོར་རིགས་ལ་སྡོད་རྒྱུ་བཀག་འགོག་བྱེད་པ།རིམས་ནད་ནང་འདྲེན་དང་ཕྱིར་གཏོང་མཆེད་རྒྱུ་བཀག་འགོག་ནན་མོ་བཅས་བྱེད་དགོས།

བརྒྱད། རྒྱ་ཆེའི་མང་ཚོགས་ཀྱིས་ཕྱིར་བསྐྱོད་ཀྱི་བྱེད་སྒོ་ཉུང་དུ་གཏོང་གང་ཐུབ་དང་།ངེས་པར་དུ་དགོས་པ་མེད་པར་འགྲོ་སྐྱོད་མི་བྱེད་པའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ།རང་འགུལ་ངང་ཁ་ཐུམ་བརྒྱབ་ནས་གློག་སྒུལ་འཁོར་རིགས་དང་གླ་གཏོང་རླངས་འཁོར་སོགས་དུག་སེལ་བྱས་ཡོད་པའི་ཁྲིམས་མཐུན་ངང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་སྡོད་པ།འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཧུར་ཐག་གིས་སྒྲུབ་ནས་ཐུན་མོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་སྲུང་རོགས་བརྟན་དུ་གཏོང་དགོས་པའི་འབོད་སྐུལ་གཏོང་གི་ཡོད།

ཡར་གཏུགབྱེད་སའི་ཁ་པར་ཨང་གྲངས་ནི།རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཁག 0941-6121004

རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག    0941-6127468

རྨ་ཆུ་རྫོང་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་འཛིན་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་འགྲིམ་འགྲུལ་རིམས་ནད་ཞིབ་བཤེར་ཚོགས་ཆུང་གིས།

2022ལོའི་ཟླ9ཚེས20ཉིན།