关于号召全县各级党组织和党员同志认真做好预防新型冠状病毒肺炎的倡议书
发布时间:2020-01-27 09:50:49来源: 点击:[]
中共玛曲县委组织部
关于号召全县各级党组织和党员同志认真做好预防新型冠状病毒肺炎的倡议书
全县各级党组织、党员同志:
为坚决贯彻落实习近平总书记关于“把人民群众生命安全和身体健康放在第一位,把疫情防控工作作为当前最重要的工作来抓”的重要指示精神,积极响应党中央、国务院和省州县委关于新型冠状病肺炎疫情防控的部署要求,中共玛曲县委组织部号召全县各级党组织和党员同志充分发挥战斗堡垒和先锋模范作用,勇于担当、主动作为,全面进入抗击疫情的临战状态,做到守土有责、守土尽责。
当前,新型冠状病毒感染的肺炎疫情形势愈加严峻,又恰逢新春佳节、阖家团聚之际,返乡人员流动加剧,有效防控难度加大。习近平总书记作出重要指示,党中央、国务院和省州县委连续安排部署,全省启动了重大突发公共卫生事件一级响应。全县各级党组织和党员同志要充分认识做好新型冠状病毒感染肺炎疫情防控工作的重要性和紧迫性,坚决贯彻好中央和省州县委部署要求,坚守初心使命,强化责任担当,坚决遏制疫情蔓延,坚决维护社会大局稳定,以实际行动增强“四个意识”,坚定“四个自信”,做到“两个维护”。
全县各级党组织和党员领导干部要把疫情防控重大任务落实作为“试金石”“磨刀石”,增强斗争精神,主动扛起责任,坚决防止麻痹思想和懈怠情绪,充分发挥好党组织的政治功能、组织优势和联系群众优势,广泛发动党员干部深入基层、深入群众开展工作,打一场疫情防控的人民战争。特别是各乡镇(场)党委、牧村(社区)基层党组织要切实增强引领力、凝聚力、战斗力,把党员群众动员起来,通过党员责任区、无职党员设岗定责等方式,加强疫情防控政策宣传和思想舆论引导,积极协助有关部门做好疫情防控工作,对来自疫区的返乡人员和外来人员逐一进行健康登记,及时跟踪观察报告其健康状况,内防扩散、外防输出。医疗卫生战线的基层党组织要团结带领广大党员和医务工作者,恪尽职守,做好发热人员诊断,全力救治患者,同时要强化医护人员防护措施,关心关注医务工作者的工作、生活和身心健康,解除他们的后顾之忧。其他各领域党组织也要积极承担相应职责,按照县委统一部署,加强本系统本单位的疫情防控工作,坚决做到不缺位、做到位、有作为。
全县各级领导干部要坚决响应党的号召,视疫情为命令,坚守岗位、靠前指挥,身先士卒、率先垂范,带头落实最严主体责任,实行最严防控措施,积极投身防控战斗;带头严守政治纪律、工作纪律,坚决保证政令畅通,决不允许有令不行、有禁不止,决不允许推诿敷衍、拖沓应付。党员同志要带头行动起来,积极配合有关部门做好密切接触人群追踪排查和隔离防护等工作;带头不捕杀、贩卖、购买、加工、食用野生动物,减少不必要外出活动,积极劝导群众勤洗手、勤消毒、勤通风,无特殊情况不串门、不集会、不聚餐;带头做到不信谣、不造谣、不传谣,积极回应群众关切,消除恐慌情绪,坚决抵制违规行为,若有疑似病例和相关情况及时向党组织报告;带头坚守岗位,在疫情防控工作中冲锋在前,主动承担党组织分配的工作任务,在防控一线佩戴党员徽章、亮明党员身份,做到哪里任务险重哪里就有党组织的工作,哪里有困难哪里就有党员站在工作一线。
全县各级党组织要强化组织领导,按照统一部署要求,进一步完善防控方案、落实联防联控、强化群防群控,切实做到守土有责、为民负责、履职尽责。要注重在疫情防控重大斗争中考察识别干部,把党员干部在疫情防控工作中的表现作为评先评优、干部选拔任用的重要依据,对工作不力的严肃追责问责。要注重挖掘宣传在疫情防控中表现突出的先进典型,进一步坚定人民群众团结一致战胜疫情的决心和信心,引导全县上下团结一心、众志成城,奋力作为、共克时艰。
疫情就是命令,防控就是责任。我们坚信,在党中央、国务院和省州县委的坚强领导下,在全县广大党员干部和人民群众的共同努力下,就一定能够打赢这场疫情防控阻击战!
中共玛曲县委组织部
2020年1月26日
ཀྲུང་གུང་རྨ་ཆུ་རྫོང་ཨུའི་རྩ་འཛུགས་པུའུ་ཡི་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་ཏང་ཡོན་བློ་མཐུན་དག་གིས་ཏོག་དབྱིབས་ནད་དུག་གསར་བའི་ གློ་ཚད་སྔོན་འགོག་བྱ་དགོས་པའི་འབོད་སྐུལ་སྐོར་གྱི་གྲོས་འདོན་ཡི་གེ
རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་ཏང་ཡོན་བློ་མཐུན་རྣམ་པ།
སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཤིས་ཅེན་ཕེན་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གཙོ་བོའི་ནང་གི་གཙོ་བོ་དང་རིམས་ནད་འགོག་སྲུང་མིག་སྔའི་བྱ་བ་ཆེས་གལ་ཆེན་དུ་བརྩི་དགོས་པའི་བཀོད་ཁྱབ་གྱི་དགོངས་དོན་ལག་ལེན་དངོས་འབེབ་ཐུབ་ཕྱིར་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཁུལ། རྫོང་ཨུའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་གི་བཀོད་སྒྲིག་བླང་བྱར་ཧུར་ཐག་གིས་ཞུགས་ཐུབ་ཆེད། ཀྲུང་གུང་རྨ་ཆུ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་ཏང་ཡོན་བློ་མཐུན་དག་གིས་གཡུལ་འཁྲུག་ཁྲོད་ཀྱི་འཐབ་ར་དང་གདོང་མཆོང་བའི་དམིགས་དཔེའི་ནུས་པ་བཏོན་ཏེ། འགན་འཁྲི་ཕྲག་ཏུ་ལེན་ཞིང་ལས་འགན་ཁུར་དུ་འཁྱེར་ཕོད་པའི་སྙིང་སྟོབས་ཀྱིས། རིམས་ནད་འགོག་སྲུང་གི་འཐབ་ར་ལེགས་པོ་བསྒྲིག་ནས་ཕ་ས་ཕ་གཞིས་ལ་བདག་སྐྱོང་བྱ་དགོས་པའི་འབོད་སྐུལ་བཏང་བ་ཡིན།
མིག་སྔར་ཏོག་དབྱིབས་ཅན་གྱི་ནད་དུག་གསར་བའི་གློ་ཚད་ཀྱི་གནས་ཚུལ་ཛ་དྲག་ཡིན་ལ། ལྷག་པར་དུ་ལོ་སར་གྱི་སྐབས་དང་འཁེལ་ཡོད་པས། མི་ཚོགས་ཀྱི་འདུ་འཛོམས་དང་རྒྱུ་འགྲུལ་རབ་ཏུ་ཆེ་བས། འགོག་སྲུང་གི་བྱ་བར་དཀའ་ངལ་ཆེ་མོད། ཧྲུའུ་ཅི་ཤིས་ཅེན་ཕེན་གྱིས་བཀོད་ཁྱབ་མཛུབ་སྟོན་གནང་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཁུལ། རྫོང་ཨུས་གཅིག་གྱུར་བཀོད་སྒྲིག་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱིས་སྤྱི་བའི་འཕྲོད་བསྟེན་གྱི་གློར་བྱུང་དོན་རྐྱེན་རིམ་པ་དང་པོའི་ཚད་དུ་བཞག་ནས་བཀག་སྡོམ་བྱས་ཡོད། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་དང་ཏང་ཡོན་བློ་མཐུན་དག་གིས་ཏོག་དབྱིབས་ཅན་གྱི་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྲུང་བྱ་བའི་གལ་ཆེན་རང་བཞིན་དང་ཉེན་ཚབས་རང་བཞིན་ལ་ངོས་ཟིན་ལེགས་པོ་བསྐྱེད་དེ། ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རྫོང་ཨུའི་བཀོད་སྒྲིག་བླང་བྱ་དག་ལ་བསམ་པའི་འཁྱེར་སོ་གཅིག་དང་གོམ་པའི་སྟངས་སྟབས་གཅིག་བྱས་ནས། རིམས་ནད་འགོས་ཁྱབ་འགོག་སྲུང་གི་བགྱི་བ་དོན་དུ་གཉེར་ཏེ་སྤྱི་ཚོགས་བརྟན་སྲུང་སྒོས་འདུ་ཤེས་བཞི་དང་རང་རྟོན་བཞི། སྲུང་སྐྱོང་གཉིས་ཀྱི་ལས་དོན་མཐའ་རུ་འཁྱོལ་བར་བྱ་དགོས།
རྫོང་ཡོངས་ཀྱི་རིམ་པ་སོ་སོའི་རང་གི་རྩ་འཛུགས་དང་ཏང་ཡོན་བློ་མཐུན་དག་གིས་རིམས་ནད་འགོག་སྲུང་གི་བྱ་བ་ལེགས་པར་འགྲུབ་མིན་ནི་རང་རང་སོ་སོའི་བྱ་བའི་ཆུ་ཚད་འཇལ་བྱེད་ཀྱི་ཚད་ཤིང་ཞིག་ཏུ་ངོས་བཟུང་ནས། སྙིང་སྟོབས་ཆེ་རུ་བསྐྱེད་ཅིང་འགན་ཆེན་ཕྲག་ཏུ་བླངས་ཏེ་ལྷོད་གཡེང་སྒྱིད་ལུག་གི་བསམ་བློ་མེད་པར་བཏང་ནས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་དགེ་མཚན། མང་ཚོགས་ལ་འབྲེལ་འདྲིས་ཐུབ་པའི་ལེགས་ཆ་མངོན་ཐོག་ཏུ་འདོན་དགོས་ལ། མང་ཚོགས་ཀྱི་གསེང་དུ་ཞུགས་ནས་མང་ཚོགས་ལ་དྲིལ་སྒྲོག་སློབ་གསོ་ལེགས་པར་གཏོང་དགོས་ཤིང་། ལྷག་པར་དུ་ཞང་གྲོང་རྡལ་ཁག་གི་ཏང་ཨུ་དང་འབྲོག་སྡེའི་གཞི་རིམ་ཏང་གི་རྩ་འཛུགས་ཀྱིས་འགོ་ཁྲིད་ནུས་པ་དང་གཅིག་སྡུད་ཀྱི་ནུས་པ། འཐབ་འཁྲུག་གི་ནུས་པ་འདོན་སྤེལ་བྱས་ཏེ། རིམས་ནད་ཡོད་པའི་ས་ཁུལ་ནས་ཐོན་པའི་ཡུལ་མི་དང་ཕྱི་མི་དག་རེ་རེ་བཞིན་ཐོ་རུ་བཀོད་དེ། རྗེས་འདེད་བརྟག་བཤེར་བྱས་ནས། ནད་རིགས་ཕྱི་ནས་ཡོང་མི་ཐུབ་པ་དང་ནང་ནས་ཁྱབ་མི་ཐུབ་པ་ཞིག་བྱ་དགོས་ཤིང་། དུས་མཚུངས་སུ་སྨན་བཅོས་མི་སྣར་ནུས་ལྡན་ལུགས་མཐུན་གྱི་སྲུང་སྐྱོབ་བྱེད་ཐབས་སྤྱད་དེ། ལུས་བདེ་སེམས་བདེ་ཡོང་བའི་མཐུན་རྐྱེན་བསྐྲུན་དགོས།
རྫོང་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་དག་གིས་ཏང་གི་འབོད་སྐུལ་ནང་བཞིན། རིམས་ནད་ནི་བཀའ་དང་འགོག་སྲུང་ནི་འགན་དུ་བརྩིས་ཏེ། རང་ལུས་དཔེར་ལེན་སྒོས་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་མི་གཏོང་ཞིང་། ཕྱི་ལ་འགྲོ་ཐེངས་ཉུང་དུ་གཏོང་ལ། རྒྱུན་པར་ལག་པ་བཀྲུ་ཞིང་ཁང་ཁྱིམ་དུག་སེལ་བྱས་ཏེ་མཁའ་རླུང་ཡར་མར་རྒྱུག་ཐུབ་པ་བྱ་དགོས་ཤིང་། གནས་ཚུལ་དམིགས་བསལ་བ་མེད་ཚེ་འདུ་ཚོགས་ལ་མི་ཞུགས་ཤིང་། དཀྲོག་གཏམ་ལ་ཡིད་ཆེས་དང་དཀྲོག་གཏམ་གང་སར་སྤེལ་བའི་སྦྱོར་བ་ངན་པ་རྩོམ་མི་རུང་ཞིང་། འགོས་ནད་ཕོག་པའི་དོགས་པ་ཆེ་བའི་མི་ཡོད་ཚེ་དུས་ཐོག་ཏུ་ཡར་ཞུ་བྱས་ཏེ། འགོག་སྲུང་ལྟ་སྐུལ་གྱི་བྱེད་ནུས་འདོན་དགོས།
རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་ཀྱིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཏེ་གཅིག་གྱུར་གྱི་བཀོད་སྒྲིག་བླང་བྱ་བཞིན་དུ། མཉམ་འགོག་མཉམ་སྲུང་གི་གྲོས་གཞི་འཐུས་ཚང་ལུགས་མཐུན་དུ་གཏོང་དགོས་ཤིང་། རིམས་ནད་འགོག་སྲུང་ཁྲོད་བྱས་རྗེས་ཆེ་མིན་་ཡར་འཐེན་བསྐོ་འཇོག་གི་གཞི་རྟེན་གཙོ་བོ་ཞིག་ཏུ་བརྩི་དགོས་ཤིང་། མི་དམངས་མང་ཚོགས་དང་སྐྱིད་སྡུག་གི་དཔུང་བ་མཉམ་གཤིབ་ཡིན་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས།
རིམས་ནད་ནི་བཀའ་ཡིན་ལ་འགོག་སྲུང་ནི་འགན་ཡིན། ང་ཚོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཁུལ་རྫོང་ཨུའི་བརྟན་བརླིང་གི་སྣེ་ཁྲོད་འོག་དང་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མི་དམངས་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད། རིམས་ནད་འགོག་སྲུང་ལ་རྒྱལ་ཁའི་འབྲས་བུ་སྨིན་སྲིད་པའི་ཡིད་ཆེས་བརྟན་མོ་ཡོད།
ཀྲུང་གུང་རྨ་ཆུ་རྫོང་ཨུའི་རྩ་འཛུགས་པུའུ།
2020ལོའི་ཟླ1ཚེས26ཉིན།
- 上一条:通告
- 下一条:我县召开新型冠状病毒感染的肺炎疫情防控工作专题会议