| 索 引 号: | mrmz/2026-00025 | ||
| 标 题: | རྨ་ཆུ་རྫོང་གིས་ནག་སེལ་གཤེད་འཇོམས་ཀྱི་འཐབ་རྩོད་ཇེ་ཟབ་ཏུ་བཏང་ནས་ཐེར་འདོན་ཁུངས་སྣེ་ཡོངས་བསྒྲགས་སྒོས་བསྡུ་བའི་སྤྱི་བསྒྲགས། | ||
| 发文字号: | 发文机关: | 玛曲县曼日玛镇 | |
| 成文日期: | 发文日期: | 2026-08-07 | |
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནག་སེལ་གཤེད་འཇོམས་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ནག་སེལ་གཤེད་འཇོམས་ཀྱི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ། ཁྲིམས་ལྟར་ནག་ཚོགས་དང་གཤེད་མའི་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་རྒྱུན་མཐུད་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཆེད། ད་ལྟ་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་ནག་ཚོགས་དང་གཤེད་མའི་སྐོར་གྱི་ཁྲིམས་འགལ་ཁུངས་སྣེ་བསྡུ་རུབ་བྱེད་རྒྱུ་ཡིན།
དང་པོ། ཐེར་འདོན་བྱེད་ཁོངས།
(གཅིག)དྲ་རྒྱའི་ལས་སྟེགས་ལ་བརྟེན་ཏེ། རྩ་འཛུགས་ཡོད་པའི་སྒོ་ནས་གཅེར་བུར་ཁ་བརྡ་བྱས་པར་སྙད་འདོགས་པ་དང་ངལ་ལས་ལ་སྙད་འདོགས་པ། ཆགས་སྲེད་ཀྱི་བྱ་སྤྱོད་ལ་སྙད་འདོགས་པ། བསམ་གཟས་ནས་ཆག་སྒོ་སློང་བ། གླེང་ཕྱོགས་བཟོ་བ་བཅས་ལ་བརྟེན་ནས་རྒྱུ་ནོར་གཡོ་ལེན་བྱེད་པ་དང་། ཁྲིམས་འགལ་གྱིས་དངུལ་བུན་གཏོང་བ། ཁྲིམས་འགལ་གྱིས་བསྡུ་འདེད་གཏོང་བ། བསམ་ངན་བཅངས་ནས་གྱོང་གསབ་ལེན་པ། བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། དྲ་རྒྱའི་ཐོག་ནས་བཙན་དྲག་བཀོལ་བ་སོགས་ནག་ཚོགས་དང་གཤེད་མར་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག
(གཉིས།)རྗེས་འདེད་ཟིང་ཆ་སློང་བ་དང་། འཇིགས་སྐུལ་བྱེད་པ། སྙད་བཏགས་ནས་རྒྱུ་ནོར་འཕྲོག་པ་སོགས་ནག་ཚོགས་དང་གཤེད་མར་འབྲེལ་བའི་ཁྲིམས་འགལ་ཉེས་གསོག
(གསུམ།)ཁྱིམ་རྒྱུད་དང་ཆོས་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་གྱི་སྐབས་བརྗེའི་འདེམས་བསྐོ་ལ་གཏོར་བཤིག་གཏོང་བ་དང་། འབྲོག་སྡེའི་ཐོན་ཁུངས་སྒེར་སྡོམ་བྱེད་པ། ཐུན་མོང་གི་རྒྱུ་ནོར་ཧམ་ཟ་བྱེད་པ། ཉམ་ཆུང་བའི་མང་ཚོགས་ལ་བརྙས་བཅོས་དང་གནོད་འཚེ་གཏོང་བའི་གཤེད་མ། ལས་རིགས་ཀྱི་ཐོན་ཁུངས་སྒེར་སྡོམ་དང་། ལས་གྲྭའི་རྣམ་གྲངས་བཙན་འཛིན། བསམ་ངན་བཅངས་ནས་དམིགས་བྱ་འགྲན་རྩོད་བྱེད་པ། གང་བྱུང་དུ་བྱེ་མ་དང་གཏེར་ཁ་སོགས་རང་བྱུང་ཐོན་ཁུངས་སྔོག་འདོན་བྱེད་པའི་གཤེད་མ། ཁྲོམ་རའི་གཉེར་སྐྱོང་ཧམ་བཟུང་དང་། ཁྲོམ་རར་བརྙས་བཅོས་བཙན་བཟོ། བཙན་ཉོ་བཙན་ཚོང་། སྲུང་སྐྱོབ་གྲོན་དངུལ་བསྡུ་བ། ལས་གྲྭ་འཛུགས་སྐྲུན་ལ་བཀག་འགོག་དང་འགལ་རྐྱེན་བཟོ་བའི་གཤེད་མ་སོགས་རིགས་མི་འདྲ་བའི་ཁྲིམས་འགལ་སྣ་ཚོགས།
(བཞི།)དུག་རྫས་བཟོ་བ་དང་ཉོ་འཚོང་བྱེད་པ། རྒྱན་འགྱེད་ཁང་འཛུགས་པ། སྨད་འཚོང་སྒྲིག་འཛུགས་བྱེད་པ་སོགས་ཆགས་སྲེད་དང་རྒྱན་འགྱེད། དུག་རྫས་བཅས་མཉམ་བསྲེས་ཀྱི་ཉེས་གསོག་ཚོགས་པ་དང་། དེ་བཞིན་ཁོངས་ཕྱི་ནང་གི་ནག་ཚོགས་སྟོབས་ཤུགས་ཕན་ཚུན་ངན་འབྲེལ་བྱས་ནས་བསྒྲུབ་པའི་ཁྲིམས་འགལ་ཉེས་གསོག
(ལྔ།)ནར་མ་སོན་པའི་མི་ལ་ཚོད་འཛིན་དང་ངན་སྐུལ་བྱས་ནས་ཁྲིམས་འགལ་གྱི་ཉེས་གསོག་བྱས་ཏེ། ནར་མ་སོན་པའི་མི་ཡི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ནག་ཚོགས།
(དྲུག)གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པའི་ཉེས་གསོག་དང་འབྲེལ་བ་ཡོད་པའི་ནག་ཚོགས་དང་གཤེད་མའི་གསར་དར་ཁྲིམས་འགལ་ཉེས་གསོག
(བདུན།)ཁྲིམས་འགལ་གྱིས་མེ་མདའ་དང་རྫས་མདེལ། ཉེན་ཁ་ཆེ་བའི་འབར་གས་དངོས་རྫས་སོགས་བཟོ་བ་དང་བཙོང་བ། ལྐོག་འདྲེན་བྱེད་པའི་ནག་ཚོགས་དང་གཤེད་མའི་ཉེས་གསོག
(བརྒྱད)གཞུང་ཞབས་པས་ནག་ཚོགས་སྟོབས་ཤུགས་ཀྱི“སྲུང་སྐྱོབ་གདུགས”བྱེད་པ་སོགས་ཀྱི་གནད་དོན།
(དགུ)ནག་ཚོགས་དང་གཤེད་མར་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གཞན་དག་གམ་ཡང་ན་དེའི་ཉེས་གསོག་ཁུངས་སྣེ།
གཉིས་པ། ཐེར་འདོན་ཐབས་ལམ།
རྒྱ་ཆེའི་མང་ཚོགས་ཀྱིས་དྲ་རྒྱ་དང་། ཁ་པར། གློག་རྡུལ་སྦྲག་ཡིག འཕྲིན་ཡིག ངོ་ཐུག་ནས་ཐེར་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཐེར་འདོན་བྱས་ཆོག ཐེར་འདོན་བདག་སྤྲོད་བྱེད་པའི་དུས་ཚོད་ནི་རྒྱལ་ཁབ་ཀྱི་ཁྲིམས་སུ་བཀོད་པའི་བྱ་བའི་ཉིན་མོ་ཡིན་ལ། སྔ་དྲོའི་ཆུ་ཚོད8:30ནས12:00བར་དང་། ཕྱི་དྲོ14:30ནས18:00བར་ཡིན།
(གཅིག)རྒྱལ་ཡོངས་ཀྱི་ཐེར་དོན་ཐབས་ལམ།དྲ་ཐོག་ནས“12337”འཚོལ་བ་དང་།ཡང་ན་ཀྲུང་གོའི་ཁྲང་ཨན་དྲ་བ(中国长安网)དང་།ཀྲུང་དབྱང་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཁྲང་ཨན་རལ་གྲིའི་འཕྲིན་སྟེགས་(长安剑)ཀྱི་སྦྲེལ་མཐུད་ནང་ཞུགས་ཏེ་ཐེར་འདོན་བྱེད་པ།
(གཉིས།)ཀན་སུའུ་ཞིང་ཆེན་གྱི་ཐེར་འདོན་ཐབས་ལམ།
1ཐེར་འདོན་ཁ་པར་ཨང་གྲངས།0931-8922864
2ཐེར་འདོན་འཕྲིན་སྒམ།ལན་ཀྲུའུ་གྲོང་ཁྱེརA229སྦྲག་སྲིད་འཕྲིན་སྒམ།སྦྲག་ཨང་། 730030
3ཐེར་འདོན་སྦྲག་སྒམ། gssdhce@163.com
4དྲ་རྒྱའི་ཐོག་གི་ཐེར་འདོན་སྤྱི་སྟེགས། ཀན་སུའུ་ཡི་རལ་གྲིའི(陇原剑)སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་རྗེས་ཀན་སུའུ་ཞིང་ཆེན་གྱི་ནག་ཚོགས་དང་གཤེད་མར་འབྲེལ་བའི་ཁུངས་སྣེ་ཐེར་འདོན་ཁུལ་གྱི་པར་ངོས་སྟེང་ནས་ཁུངས་སྣེ་སྤྲོད་དགོས།
(གསུམ།)ཀན་ལྷོ་ཁུལ་གྱི་ཐེར་འདོན་ཐབས་ལམ།
1ཐེར་འདོན་ཁ་པར་ཨང་གྲངས།0941-8213092
2ཐེར་འདོན་འཕྲིན་སྒམ།ཁུལ་ཨུའི་སྒོ་ཆེན་ཀྱི་ལྷོ་ཟུར། སྦྲག་ཨང་།747000
3ཐེར་འདོན་ས་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་སྒྲུབ་ཐོག་ཁང་གི་ཁང་བརྩེགས་10བ་ལས1012གཞུང་སྒྲུབ་ཁང་།
(བཞི།)རྨ་ཆུ་རྫོང་གི་ཐེར་འདོན་ཐབས་ལམ།
1ཐེར་འདོན་ཁ་པར་ཨང་གྲངས།
རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།0941-6121384
རྫོང་སྤྱི་བདེ་ཅུའུ།0941-5930527(110)
2ཐེར་འདོན་སྦྲག་སྒམ། mqxzfwyh@163.com སྦྲག་ཨང་།747300
3འཐེར་འདོན་འཕྲིན་སྒམ། རྨ་ཆུ་རྫོང་ཨུའི་གཅིག་གྱུར་གཞུང་སྒྲུབ་ཐོག་ཁང་གི་གཅིག་ཐོག་ཚོམས་ཆེན།
4ཐེར་འདོན་ས་གནས།
རྨ་ཆུ་རྫོང་ཨུའི་གཅིག་གྱུར་གཞུང་སྒྲུབ་ཐོག་ཁང་གི་སུམ་ཐོག་གི་ སྲིད་ཁྲིམས་ཨུའི་གཞུང་སྒྲུབ་ཁང་།
རྨ་ཆུ་རྫོང་སྤྱི་བདེ་ཅུའུ་ཡི་ལྷོ་ཕྱོགས་ཐོག་ཁང་ཉིས་ཐོག་གི་ཉེས་དོན་མྱུལ་ཞིབ་རུ་ཁག
གསུམ་པ། ཐེར་འདོན་བླང་བྱ།
མང་ཚོགས་ཀྱིས་མིང་ངོ་མས་ཐོག་ནས་ཐེར་འདོན་བྱེད་པར་སྐུལ་མ་བཏང་བ་ཡིན་ལ། བདག་སྤྲོད་ཞིབ་བཤེར་ཚན་པས་ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་དང་ཐེར་འདོན་ནང་དོན་གསང་སྲུང་ནན་པོ་བྱས་ནས་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་ངེས། ཐེར་འདོན་ནང་དོན་དོན་དངོས་དང་བདེན་པ་ཡིན་དགོས་པ་དང་། ཐེར་འདོན་བྱ་ཡུལ་གྱི་གཞི་རྩའི་ཆ་འཕྲིན་དང་དེ་བཞིན་ཁྲིམས་འགལ་ཉེས་གསོག་གི་དུས་ཚོད་དང་། ས་གནས། བྱ་སྤྱོད་སྤེལ་རིམ། འབྲེལ་ཡོད་དཔང་རྟགས་དཔྱད་གཞི་བཅས་ཞིབ་ཕྲའི་སྒོ་ནས་མཁོ་འདོན་བྱེད་རྒྱུ་གལ། ཐེར་འདོན་བྱེད་མཁན་གྱིས་འདོན་སྤྲོད་བྱས་པའི་ཁུངས་སྣེ་བདེན་པ་ཡིན་མིན་ལ་འགན་འཁུར་དགོས་པ་ལས། དོན་དངོས་རྟོག་བཟོ་དང་རྫུན་བཟོ་བྱས་མི་ཆོག་པ་དང་། མི་གཞན་ལ་གང་འདོད་དུ་སྙོན་འཛུགས་ཞུ་གཏུག་གཏན་ནས་བྱ་མི་ཆོག ཐེར་འདོན་གྱི་མིང་ཐོག་ནས་དོན་དངོས་རྫུན་བཟོ་བྱས་ཏེ་ཞུ་གཏུག་དང་གནོད་འཚེ་གཏོང་མཁན་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། ཐེར་འདོན་བྱེད་མཁན་དང་དེའི་གཉེན་ཉེར་འཇིགས་སྐུལ་དང་རྡུང་རྡེག འཁོན་ལན་སློག་མཁན་ཡིན་ཕྱིན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ནན་པོ་དང་མྱུར་མོའི་སྒོ་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུ། ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ཕྱིར་གྱར་བ་དང་ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་གཏོང་བ་དང་འཁོན་ལན་སློག་པའི་བྱ་སྤྱོད་རྩད་ཆོད་རྗེས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་དང་། ཉེས་གསོག་གི་དོགས་གཞི་ཡོད་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་ཡིན། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ནག་ཚོགས་དང་གཤེད་མར་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེ་མཁོ་འདོན་བྱེད་པར་ཞུ།
འདིར་ཆེད་དུ་སྤྱི་བསྒྲགས་བྱས་པ་ཡིན།
རྨ་ཆུ་རྫོང་ནག་སེལ་གཤེད་འཇོམས་ཀྱི་འཐབ་རྩོད་ཟབ་སྤེལ་བྱ་བའི་ཆེད་དོན་འཛིན་གྲྭའི་གཞུང་སྒྲུབ་ཁང་།
2026ལོའི་ཟླ8པའི་ཚེས7ཉིན།
【
关闭窗口】
已是首条 下一条:关于下载使用电子营业执照的倡议书