索 引 号: olxmx/2025-00024
 标  题: “甘肃一键申报”指南及受理流程
 发文字号:  发文机关: 玛曲县欧拉秀玛乡
 成文日期:  发文日期: 2025-09-15
 
“甘肃一键申报”指南及受理流程

一、申报指南

(一)申报对象

申报对象为甘肃省辖区内常住农业户籍家庭,以家庭为单位,共同生活的家庭成员人均收入低于当地防止返贫监测标准。以及因病因灾因意外事故等刚性支出较大或收入大幅缩减导致基本生活出现严重困难的农户。

(二)申报流程

1.扫码申报:用手机微信或者手机浏览器扫描二维码进行自主申报。

2.填写信息:填写申请人4项信息。

3.提交申请:核对录入的申请信息,确认后提交办理。

(三)受理单位

户籍所在地村级核查、乡镇复核、县级审批。

(四)办理时限

自申请提交15 个工作日内。

(五)申报须知

1.防止返贫监测对象原则上以家庭为单位,通过某一家庭成员提出申请,对于因残疾、重病等无法申请的特殊人员,可由他人代为申请。

2.申请对象提交申报后需书面授权同意对本人及家庭所有成员进行家庭经济状况核查。

3.提交申请5个工作日内,村级工作人员须开展家庭状况核查。

4.核查完成后,5个工作日内,向申请对象反馈核查结果,对不符合防止返贫监测对象认定标准的,告知不符合受理原因。

5.申请人对核对结果有异议的,可直接向当地乡镇提出复核申请。

6.经核查后,符合防止返贫监测对象认定标准的,须在自提出申请后 15 个工作日内完成审批。

(六)现场核查农户准备材料

1.申请人及家庭成员居民户口簿。

2.申请人及家庭成员身份证。

3.现场签订家庭经济状况核查授权书。

二、系统管理员操作受理流程

(一)村级受理核查:农户在提交申报信息后,系统自动发送短信通知农户所在地区的村级办理人员进行受理,办理人员要在5个工作日内开展入户核查,采集记录农户相关信息。经核查后,不符合防止返贫监测对象认定标准的,告知农户不符合受理原因。符合防止返贫监测对象认定标准的,由村级工作人员上报乡级,录入国家系统进行动态管理。

(二)乡级复核:乡级办理人员复核村级核查结果,对不符合防止返贫监测对象认定标准的,要在解释沟通和政策宣传等方面给予村级工作人员协助和指导。

(三)县级审批:监测对象认定要按程序经县级部门审核批准。

对因灾因意外事故等导致出现返贫致贫风险、生活陷入严重困难事实清楚的申请农户,继续执行《甘肃省健全防止返贫动态监测和帮扶机制工作指南(试行)》政策,通过“绿色通道”先行救助并落实帮扶,后履行有关程序。

ཀན་སུའུ་ཡི་མཐེབ་གཅིག་སྙན་ཞུའི་ཕྱོགས་སྟོན་དང་བདག་སྤྲོད་ཀྱི་བརྒྱུད་རིམ།

དང་པོ། ཡིག་ཐོག་སྙན་ཞུའི་ཕྱོགས་སྟོན།

(གཅིག) ཡིག་ཐོག་སྙན་ཞུ་བྱ་མཁན

ཡིག་ཐོག་སྙན་ཞུ་བྱ་མཁན་ནི་ཀན་སུའུ་ཞིང་ཆེན་གྱི་ནང་ཁུལ་གྱི་གཏན་སྡོད་ཞིང་ལས་ཐེམ་ཐོ་ཅན་གྱི་ཁྱིམ་ཚང་ཡིན་པ་དང་། ཁྱིམ་ཚང་རེ་སྡེ་ཚན་དུ་བརྩིས་ནས་མཉམ་དུ་འཚོ་བ་སྐྱེལ་བཞིན་པའི་ཁྱིམ་ཚང་གི་ཁྱིམ་མི་རེ་རེའི་ཆ་སྙོམས་ཀྱི་ཡོང་འབབ་དེ་ས་གནས་དེ་གའི་སླར་ཡང་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ལས་དམའ་། དེ་བཞིན་དུ་ནད་བྱུང་བའམ་གནོད་འཚེ་ཐེབས་པ། བསམ་ཡུལ་ལས་འདས་པའི་དོན་རྐྱེན་སོགས་ཀྱི་དབང་གིས་མི་གཏོང་ཀ་མེད་ཀྱི་འགྲོ་སྒོ་ཅུང་ཆེ་བའམ། ཡང་ན་ཡོང་འབབ་ཆེས་ཆེར་ཉུང་དུ་སོང་ནས་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་ཡོད་པའི་ཞིང་པའི་ཁྱིམ་ཚང་ཡིན།  

(གཉིས།) ཡིག་ཐོག་སྙན་ཞུའི་བརྒྱུད་རིམ།

1.ཨང་བཤེར་སྙན་ཞུ། ལག་ཁྱེར་ཁ་པར་གྱི་སྐད་འཕྲིན་ནམ་ཡང་ན་ལག་ཁྱེར་ཁ་པར་གྱི་བཤེར་ཆས་ཀྱིས་རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ཏེ་རང་ཉིད་ཀྱིས་སྙན་སེང་ཞུ་དགོས།

2.ཆ་འཕྲིན་འབྲི་། རེ་ཞུ་བྱེད་མཁན་གྱི་ཆ་འཕྲིན་ཁག་བཞི་འབྲི་དགོས།

3.རེ་ཞུ་འབུལ་བ། ནང་འཇུག་བྱས་པའི་ཆ་འཕྲིན་ཞིབ་བསྡུར་བྱས་ནས་གཏན་འཁེལ་རྗེས་སུ་ལས་སྒྲུབ་ཡར་སྤྲོད་དགོས།

(གསུམ།) བདག་སྤྲོད་ལས་ཁུངས།

ཐེམ་ཐོ་ཡོད་སའི་སྡེ་བ་རིམ་པའི་ཞིབ་བཤེར་དང་། ཞང་དང་གྲོང་རྡལ་གྱི་བསྐྱར་ཞིབ རྫོང་རིམ་པ་ཞིབ་བཤེར་ཆོག་མཆན་འགོད་དགོས།

(བཞི།) ལས་སྒྲུབ་ཀྱི་དུས་ཡུན།

རེ་ཞུ་ཕུལ་བ་ནས་བརྩིས་པའི་ཉིན་བཅོ་ལྔའི་རིང་།

(ལྔ།) སྙན་སེང་ཞུ་སྐབས་ངེས་པར་དུ་ཤེས་དགོས་པའི་དོན་ཚན་ཁག

1.དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱེད་མཁནནི་རྩ་དོན་ཐོགཁྱིམ་ཚང་སྡེ་ཚན་དུ་བརྩིས་ནས ཁྱིམ་ཚང་གི་ཁོངས་མི་གང་རུང་གིས་རེ་ཞུ་བྱེད་དགོས། དབང་བོ་སྐྱོན་ཅན་དང་ནད་ཚབས་ཆེན་སོགས་ཀྱི་དབང་གིས་རེ་ཞུ་བྱེད་མི་ཐུབ་པའི་དམིགས་བསལ་མི་སྣ་རྣམས་ལ་མི་གཞན་གྱིས་ཚབ་བྱས་ནས་རེ་ཞུ་བྱས་ཆོག

2.རེ་ཞུ་བྱེད་མཁན་གྱིས་སྙན་ཞུ་ཕུལ་རྗེས་ཡིག་ཐོག་ནས་རང་ཉིད་དང་། ཁྱིམ་ཚང་གི་ཁོངས་མི་ཚང་མར་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བཤེར་བྱེད་པར་མོས་མཐུན་ཡིན་པའི་དབང་ཆ་སྤྲོད་དགོས།

3.རེ་ཞུ་ཕུལ་རྗེས་ཀྱི་ལས་ཀའི་ཉིན་ལྔའི་ནང་དུ། སྡེ་བ་རིམ་པའི་ལས་དོན་མི་སྣས་ངེས་པར་དུ་ཁྱིམ་ཚང་གི་གནས་ཚུལ་ལ་དཔྱད་ཞིབ་བྱེད་དགོས།

4.དཔྱད་ཞིབ་ཚར་རྗེས། ལས་ཀའི་ཉིན་ལྔའི་ནང་དུ་རེ་ཞུ་བྱེད་མཁན་ལ་དཔྱད་ཞིབ་མཇུག་འབྲས་བཤད་དགོས། སླར་ཡང་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ངོས་འཛིན་གྱི་ཚད་གཞི་དང་མི་མཐུན་པ་དག་ལ་བདག་སྤྲོད་མི་བྱེད་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས།

5.རེ་ཞུ་བྱེད་མཁན་གྱིས་དཔྱད་ཞིབ་མཇུག་འབྲས་ལ་མི་འཐད་ཚེ། ཐད་ཀར་ས་གནས་དེ་གའི་ཞང་དང་གྲོང་རྡལ་ལ་ཡང་བསྐྱར་དཔྱད་ཞིབ་བྱེད་པའི་རེ་ཞུ་བྱས་ཆོག

6.དཔྱད་ཞིབ་བྱས་རྗེས། སླར་ཡང་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ངོས་འཛིན་བྱེད་པའི་ཚད་གཞི་དང་མཐུན་ཚེ། ངེས་པར་དུ་རེ་ཞུ་བྱས་རྗེས་ཀྱི་ལས་ཀའི་ཉིན་བཅོ་ལྔའི་ནང་ལ་ཞིབ་བཤེར་ཆོག་མཆན་འགོད་དགོས།

(དྲུག) ཡུལ་དངོས་ནས་ཞིང་པའི་ཁྱིམ་ཚང་གི་གྲ་སྒྲིག་བྱས་པའི་དཔྱད་ཡིག་ལ་ཞིབ་བཤེར་བྱེད་པ།

1.རེ་ཞུ་བྱེད་མཁན་དང་ཁྱིམ་ཚང་གི་ཁོངས་མིའི་སྡོད་དམངས་ཐེམ་ཐོ

2.རེ་ཞུ་བྱེད་མཁན་དང་ཁྱིམ་མིའི་ཐོབ་ཐང་ལག་ཁྱེར།

3.ཡུལ་དངོས་ནས་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་བཤེར་བྱེད་ཆོག་པའི་དབང་སྤྲོད་ཡི་གེར་མིང་རྟགས་འགོད་པ།

གཉིས་པ། མ་ལག་དོ་དམ་པའི་བཀོལ་སྤྱོད་བདག་སྤྲོད་ཀྱི་བརྒྱུད་རིམ།

(གཅིག)སྡེ་བ་རིམ་པས་བདག་སྤྲོད་ཞིབ་བཤེར་བྱེད་པ། ཞིང་པའི་ཁྱིམ་ཚང་གིས་སྙན་ཞུའི་ཆ་འཕྲིན་སྤྲད་རྗེས། མ་ལག་གིས་རང་འགུལ་ངང་འཕྲིན་ཐུང་བསྐུར་ནས་ཞིང་པའི་ཁྱིམ་ཚང་ཡོད་སའི་སྡེ་བའི་ལས་སྒྲུབ་མི་སྣར་བདག་སྤྲོད་བྱེད་དགོས་པའི་བརྡ་གཏོང་བ་དང་། ལས་སྒྲུབ་མི་སྣ་ལས་ཀའི་ཉིན་ལྔའི་ནང་དུ་ཁྱིམ་ཚང་དུ་སོང་ནས་དཔྱད་ཞིབ་བྱས་ཏེ། ཞིང་པའི་ཁྱིམ་ཚང་གི་འབྲེལ་ཡོད་ཆ་འཕྲིན་བསྡུ་ལེན་དང་ཐོ་འགོད་བྱེད་དགོས། དཔྱད་ཞིབ་བྱས་པའི་རྗེས་སུ་སླར་ཡང་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ངོས་འཛིན་གྱི་ཚད་གཞི་དང་མི་མཐུན་ཚེ། བདག་སྤྲོད་མི་བྱེད་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས། སླར་ཡང་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ངོས་འཛིན་གྱི་ཚད་གཞི་དང་མཐུན་ཚེ། སྡེ་བ་རིམ་པའི་ལས་དོན་མི་སྣས་ཞང་རིམ་པར་སྙན་སེང་ཞུ་རྒྱུ་དང་། རྒྱལ་ཁབ་ཀྱི་མ་ལག་ནང་དུ་བཅུག་ནས་འགུལ་རྣམ་དོ་དམ་བྱ་རྒྱུ།

(གཉིས།) ཞང་རིམ་པས་བསྐྱར་ཞིབ་བྱེད་པ། ཞང་རིམ་པའི་ལས་སྒྲུབ་མི་སྣས་སྡེ་བ་རིམ་པའི་དཔྱད་ཞིབ་འབྲས་བུ་བསྐྱར་ཞིབ་བྱས་ཏེ་སླར་ཡང་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ངོས་འཛིན་གྱི་ཚད་གཞིདང་མི་མཐུན་པའི་རིགས་ལ་གསལ་བཤད་འབྲེལ་འདྲིས་དང་། སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་ཐད་ནས་སྡེ་བ་རིམ་པའི་ལས་དོན་མི་སྣར་རོགས་རམ་དང་མཛུབ་ཁྲིད་བྱ་དགོས།

(གསུམ།) རྫོང་རིམ་པས་ཞིབ་བཤེར་ཆོག་མཆན་འགོད་པ། ལྟ་ཞིབ་ཚད་ལེན་བྱ་ཡུལ་ངོས་འཛིན་བྱེད་པར་གོ་རིམ་ལྟར་རྫོང་རིམ་པའི་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་འགོད་དགོས།

གསལ་བཤད། གནོད་འཚེ་ཐེབས་པའམ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་སོགས་ཀྱི་དབང་གིས་སླར་ཡང་དབུལ་བོར་འགྱུར་བའི་ཉེན་ཁ་ཡོད་པ་དང་། འཚོ་བར་དཀའ་ངལ་ཚབས་ཆེན་བྱུང་བ་དོན་དངོས་དང་མངོན་གསལ་ཡིན་པའི་ཞིང་པའི་ཁྱིམ་ཚང་རེ་ཞུ་བྱེད་མཁན་ལ། << ཀན་སུའུ་ཞིང་ཆེན་གྱི་སླར་ཡང་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་བྱ་བའི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར།)>>གྱི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཤར་གཏོང་བགྲོད་ལམ་བརྒྱུད་ནས་སྔོན་ལ་རོགས་སྐྱོར་བྱེད་པ་དང་འབྲེལ། རོགས་སྐྱོར་ལག་ལེན་དོན་འཁྱོལ་བྱས་རྗེས་སུ་འབྲེལ་ཡོད་གོ་རིམ་ལག་བསྟར་བྱ་རྒྱུ་ཡིན།



附件【640.png

上一条:法治宣传进万家 防洪防汛防溺水
下一条:靶向施策,精准整顿软弱涣散党组织
关闭窗口