索 引 号: olxmx/2024-00028
 标  题: 冬季牧村稳定安全供水的温馨提示
 发文字号:  发文机关: 玛曲县欧拉秀玛乡
 成文日期:  发文日期: 2024-11-30
 
冬季牧村稳定安全供水的温馨提示
广大牧村用水户:
你们好!感谢大家长期以来对玛曲县牧村供水工作的关心和支持。冬季已来临,气温逐步下降,供水入户设施容易被冻,影响大家用水,给用水户造成用水不便。请广大牧村用水户及早行动起来,提前主动做好室内外水管、水表、水龙头等的保温防冻措施,确保冬季正常用水。
寒冬至、气温低,供水设施需保护,“土办法”“小妙招”,水管防冻不可少。 “穿衣戴帽”: 请及时对入户设施保温防冻现状进行排查,重点关注入户井及水表、裸露管道等,要用废旧棉被、塑料泡沫等包裹保温,井内填充废旧棉被、棉毡等,井盖上覆盖地膜,加厚土层保温,不要随意长时间打开井盖,提高抗寒防冻能力。


“关窗防寒”: 室内水管要注意保温防冻,要及时关门关窗,以保证室内温度。在极端天气下,打开水龙头让水滴长流,保证管内水流动,有效防止主支管道冻阻。


“排空设施”: 长期外出、走亲访友或出外放牧时,请关闭自来水入户阀门,排空管道内积水,做好相应的保暖措施,必要时委托亲房邻人做定期检查,确保安全。


“储水保障”: 平时利用水缸、水桶等做好储水,避免因供水故障而造成用水不便。


“温水解冻”: 对确已冻住的入户水管或水龙头,可用热毛巾敷在上面,用温水冲淋化冻,切不可用火直接烘烤或用开水急烫,以免造成破裂。也不可强行拧动,更不能用钳子、扳手等工具硬性启动。


按照《甘肃省农村饮用水供水管理条例》《玛曲县牧村饮水安全工程运行管理暂行办法》等有关规定,入户管道及设施所有权归用户所有,由用户管理维护维修,因管理不善,发现问题不及时等造成的水毁损失以及人身安全,其责任和后果自行承担。
我们真诚希望广大农村用水户能集思广益,发挥你们的智慧,因地制宜采取一些“土办法”、“洋措施”、“小妙招”,共同建立供水安全人人参与的良好氛围。


玛曲县水务局开通了专线监督电话,这些电话都印在了您家里的“用水户明白卡”上,请及时反馈,我们将及时排查解决,保障供水。若服务不到位,欢迎您拨打监督电话,对我们的工作进行监督。
为了您冬季用水稳定安全,请大家相互告知。让我们携手共筑冬季防冻的“铜墙铁壁”,共同做好冬季农村饮水保障,避免给自己或他人造成不必要的损失,确保您的用水安全及人身财产安全。
监督电话:0941-6121210





【ཤ་ཚའི་སྐུལ་ལྕག】རྨ་ཆུ་རྫོང་གིས་དགུན་ཁར་འབྲོག་པ་མང་ཚོགས་ལ་རྒྱུན་ལྡན་བདེ་འཇགས་ངང་ཆུ་མཁོ་འདོན་འགན་ལེན་བྱེད་པའི་ཤ་ཚའི་སྐུལ་ལྕག

རྒྱ་ཆེ་བའི་འབྲོག་སྡེའི་ཆུ་བཀོལ་སྤྱོད་བྱེད་མཁན་རྣམ་པ།

ཁྱེད་རྣམ་པ་ཁམས་བཟང་། ཚང་མས་དུས་ཡུན་རིང་བོར་རྨ་ཆུ་རྫོང་འབྲོག་སྡེའི་ཆུ་མཁོ་འདོན་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ།  ད་ནི་དགུན་ཁར་སླེབས་སོང་བས་ནམ་ཟླ་ཇེ་འཁྱག་ཏུ་འགྲོ་ཞིང་ཆུ་མཁོ་འདོན་སྒྲིག་ཆས་འཁེང་འགྲོ་བས་ཆུ་བཀོལ་སྤྱོད་བྱེད་པར་བར་ཆད་དང་སྟབས་མི་བདེ་བ་བཟོ་ངེས་སོ།   དེ་བས་རྒྱ་ཆེ་བའི་འབྲོག་སྡེའི་ཆུ་བཀོལ་སྤྱོད་བྱེད་མཁན་ཚོས་སྔ་མོ་ནས་རང་ཁྱིམ་ཕྱི་ནང་གི་ཆུ་སྦུག  ཆུ་སྤྱོད་ཚད་དཔྱད་ཆས།  ཆུ་སྦུག་གི་མགོ་སོགས་མི་འཁེང་བའི་བྱེད་ཐབས་སྤྱད་ནས་དགུན་ཁར་ཆུ་རྒྱུན་ལྡན་ངང་བཀོལ་བར་ཁག་ཐེག་ནན་ཏན་བྱེད་དགོས།
དགུན་ཁར་གནམ་གཤིས་འཁྱག་པས་ཆུ་མཁོ་འདོན་སྒྲིག་ཆས་ལ་བདག་སྐྱོང་བྱེད་དགོས།
“གོས་གྱོན་ཞྭ་གོན་ཞེས་པ་ནི” དུས་ལྟར་ཁྱིམ་ནང་གི་ཆུ་མཁོ་འདོན་སྒྲིག་ཆས་མི་འཁེང་བར་བྱེད་དགོས་ཏེ། དོང་ཆུ་དང་ཆུ་སྤྱོད་ཚད་དཔྱད་ཆས། ཕྱི་ལ་མངོན་པའི་སྦུ་གུ་བཅས་ལ་ཉལ་ཐུལ་རྙིང་བ་དང་འགྱིག་ཤོག་སོགས་འགབ་དགོས། དོང་ཆུའི་ནང་དུ་ཉལ་ཐུལ་རྙིང་བ་སོགས་འགེབ་པ་དང་དོང་ཆུའི་ཁ་ལེབ་སྟེང་འགེབ་པ་དང་།  དུས་ཡུན་རིང་བོར་དོང་ཆུའི་ཁ་ལེབ་ཕྱེས་ནས་བསྐྱུར་མི་རུང་།
“སྒེའུ་རྒྱག་འཁྱག་འགོག་ཅེས་པ་ནི”ཁང་བའི་ནང་གི་ཆུ་སྦུག་འཁེང་འགྲོ་བར་མཉམ་འཇོག་བྱེད་དགོས་ཏེ། དུས་ལྟར་སྒེའུ་ཁུང་གི་སྒོ་རྒྱབ་ནས་ཁང་བའི་ནང་དྲོད་ཡོད་པ་བྱེད་དགོས། གནམ་གཤིས་ཧ་ཅང་འཁྱག་པའི་སྐབས་སུ་ཆུ་སྦུག་གི་སྒོ་ཕྱེས་ནས་ཆུ་ཐིགས་ཙམ་བཞུར་དུ་བཅུག་ནས་ཆུ་སྦུག་གཙོ་བོ་མི་འཁེང་ཐབས་བྱེད་དགོས།
“སྒྲིག་ཆས་དབུགས་འདོན་ཞེས་པ་ནི”དུས་ཡུན་རིང་བོར་ཁྱིམ་ནས་མི་འདུག་པར་ཕྱི་ལ་འགྲོ་བ་དང། ཕྱུགས་ཟོག་གི་རྫི་བོར་འགྲོ་བའི་སྐབས་སུ་ཆུ་སྒོ་རྒྱག་དགོས་ལ་སྦུ་གུ་དྲངས་ཡོད་སར་ཆུ་མི་གསོག་པ་བྱས་ནས་དྲོད་ཡོད་པར་བྱེད་ཐབས་སྤྱོད་དགོས་ལ། རབ་ཡིན་ན་གཉེན་ཉེ་དང་ཁྱིམ་མཚེས་ལ་བཤད་ནས་དུས་ཡུན་ངེས་ཅན་ནང་ལྟ་རྟོག་བྱེད་དགོས།
“ཆུ་གསོག་འགན་ལེན་ཞེས་པ་ནི” རྒྱུན་པར་ཆུ་རྫ་དང་ཆུ་ཟོའི་ནང་ཆུ་གསོག་ནས་ཆུ་མཁོ་འདོན་སྒྲིག་ཆས་ལ་ཆག་སྐྱོན་བྱུང་ཚེ་ཆུ་འཐུང་རྒྱུ་ཡོད་པ་བྱེད་དགོས།
“ཆུ་དྲོན་འཁེང་སེལ་ཞེས་པ་ནི” འཁེང་ཡོད་པའི་ཆུ་སྦུག་དང་ཆུ་སྦུག་གི་མགོ་ལ་ལག་ཕྱིས་དྲོན་པོ་བཀབ་ནས་འཁེང་ཡོད་པ་དྲོད་དུ་འཇུག་དགོས། ཐད་ཀར་མེ་ཡིས་བསྲོ་བའམ་ཆུ་ཁོལ་བླུགས་ནས་གས་སུ་འཇུག་མི་རུང་། ཤེད་བཀོལ་ནས་གཅུས་རྒྱག་མི་རུང་ལ། སྐམ་པ་དང་གཅུས་སྒྲིམ་སྐམ་པ་སོགས་ཀྱིས་སྒུལ་མི་རུང་།
《ཀན་སུའུ་ཞིང་ཆེན་ཞིང་སྡེའི་འཐུང་ཆུ་མཁོ་འདོན་བྱེད་པའི་དོ་དམ་སྲོལ་ཡིག》 《རྨ་ཆུ་རྫོང་འབྲོག་སྡེའི་འཐུང་ཆུ་བདེ་འཇགས་བཟོ་སྐྲུན་འཁོར་སྐྱོད་དོ་དམ་གནས་སྐབས་ཀྱི་བྱེད་ཐབས》སོགས་གཞིར་བཟུང་ནས་ཐག་གཅོད་བྱས་པ་ལྟར། ཁྱིམ་ནང་དུ་དྲངས་པའི་ཆུ་སྦུག་དང་སྒྲིག་ཆས་ནི་ཆུ་བཀོལ་སྤྱོད་བྱེད་མཁན་གྱི་ཁྱིམ་ཚང་ལ་དབང་ཡོད་པས་ཆུ་བཀོལ་མཁན་ཁྱིམ་ཚང་གིས་དོ་དམ་བདག་སྐྱོང་དང་ཞིག་གསོ་བྱེད་དགོས་ཤིང་། གལ་ཏེ་བདག་སྐྱོང་ལེགས་པོ་མ་བྱས་པར་ཆག་སྐྱོན་བྱུང་བ་འཕྲལ་མར་མ་ཤེས་པའི་རྐྱེན་གྱིས་ཆག་སྒོ་བཟོས་པ་དང་མི་སྲོག་བདེ་འཇགས་ལ་གནོད་པ་བྱུང་ཚེ་འགན་འཁྲི་དང་མཇུག་འབྲས་རང་གིས་འགན་ཁུར་དགོས།
ང་ཚོས་སེམས་གཏིང་ནས་རྒྱ་ཆེ་བའི་འབྲོག་སྡེའི་ཆུ་བཀོལ་སྤྱོད་བྱེད་མཁན་ཚོས་བློ་རྒྱ་ཆེར་བསྐྱེད་ཀྱིས་ཁྱོད་ཚོའི་བློ་རིག་འདོན་པར་རེ་བ་ཞུ་བ་དང་།  གང་ལ་གང་འཚམ་གྱི་བྱེད་ཐབས་སྤྱད་ནས་ཆུ་མཁོ་འདོན་བདེ་འཇགས་ཡོང་བར་མི་ཚང་མ་ཞུགས་ཐུབ་པའི་རྣམ་པ་ཞིག་མཉམ་དུ་སྐྲུན་བཞིན་ཡོད།
རྨ་ཆུ་རྫོང་ཆུ་དོན་ཅུའུ་ཡིས་ཆེད་སྤྱོད་ལྟ་སྐུལ་ཁ་པར་གཏོང་ས་ཞིག་བཀོད་སྒྲིག་བྱས་ཡོད་ལ། ཁ་པར་འདི་ནི་ཁྱེད་ཚང་གི“ཆུ་བཀོལ་མཁན་ཁྱིམ་ཚང་བྱང་བུའི”སྟེང་དུ་བྲིས་ཡོད་པས་དུས་ཐོག་ཏུ་བསམ་འཆར་བཏོན་ཚེ། ང་ཚོས་དུས་ཐོག་ཏུ་རྟག་དཔྱད་ཐག་གཅོད་བྱས་ནས་ཆུ་མཁོ་འདོན་འགན་ལེན་བྱེད་ངེས། གལ་ཏེ་ཞབས་ཞུའི་རྣམ་པ་མི་བཟང་ན་ཁྱེད་ཀྱིས་ལྟ་སྐུལ་ཁ་པར་བཏང་ནས་ང་ཚོའི་བྱ་བར་ལྟ་སྐུལ་བྱས་ཆོག
ཁྱེད་ཀྱིས་དགུན་ཁར་ཆུ་བཀོལ་བ་རྒྱུན་ལྡན་བདེ་འཇགས་ཡོང་ཆེད་ཚང་མས་ཕན་ཚུན་ལ་བཤད་པར་འཚལ། ང་ཚོ་ལག་རྡང་སྦྲེལ་ནས་དགུན་ཁའི་འཐུང་ཆུ་མི་འཁེང་བར་བྱས་ནས་མཉམ་དུ་དགུན་ཁར་འབྲོག་སྡེའི་འཐུང་ཆུ་འགན་ལེན་བྱས་ནས་རང་ཉིད་དང་མི་གཞན་པར་གྱོང་གུད་མི་བཟོ་ཞིང་ཁྱེད་ཀྱིས་ཆུ་བཀོལ་བ་བདེ་འཇགས་དང་མི་སྲོག་རྒྱུ་རྫས་བདེ་འཇགས་ཡོང་བ་ཁག་ཐེག་ནན་ཏན་བྱེད་དགོས།
ལྟ་སྐུལ་ཁ་པར།  0941—6121210




上一条:甘南藏族自治州第十七届人民代表大会第四次会议玛曲代表团审议《政府工作报告》审查计划报告和预算报告
下一条:欧拉秀玛乡全面推进河湖库“清四乱”常态化规范化集中清理整治
关闭窗口