索 引 号: | olxmx/2024-00032 | ||
标 题: | 玛曲县2024年庆祝建国75周年九色甘南格萨尔秋季赛马会公告 | ||
发文字号: | 发文机关: | 玛曲县欧拉秀玛乡 | |
成文日期: | 发文日期: | 2024-09-16 | |
甘南玛曲格萨尔赛马协会
玛曲县文化旅游交通建设有限公司
2024年9月14日
ཀན་ལྷོ་རྨ་ཆུའི༢༠༢༤ལོའི་མེས་རྒྱལ་བཙུགས་ནས་ལོ་འཁོར༧༥ལོན་པར་རྟེན་འབྲེལ་ཞུ་བའི་སྟོན་དུས་ཀྱི་གེ་སར་རྟ་རྒྱུག་འགྲན་ཚོགས་ཀྱི་སྤྱི་བསྒྲགས།
རྨ་ཆུ་རྫོང་གི་རྟ་རྒྱུག་འགྲན་ཚོགས་རྒྱུན་རྣམ་ཅན་དང་སྒྲིག་གཞི་ཅན། ཁྲོམ་ར་ཅན། རོལ་རྩེད་ཅན་བཅས་ཀྱི་ཁྱད་ཆོས་དང་། ཁོངས་ཡོངས་ཀྱི་ཡུལ་སྐོར་དང་འཛད་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་བྱས་ཏེ། ཀྲུང་གོའི་རྟ་རྒྱུག་གི་ཕ་སའི་རིག་རྩལ་གྱི་མཚན་སྙན་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་འཇགས། དཔལ་འབྱོར་འཕེལ་རྒྱས། མི་དམངས་བདེ་སྡོད་ལས་བརྩོན་བཅས་དུས་རབས་གསར་བའི་རྣམ་པ་བཟང་བོ་མངོན་ཆེད། རྨ་ཆུ་རྫོང་གིས་༢༠༢༤ལོའི་མེས་རྒྱལ་བཙུགས་ནས་ལོ་འཁོར༧༥ལོན་པར་རྟེན་འབྲེལ་ཞུ་བའི་གེ་སར་རྟ་རྒྱུག་འགྲན་ཚོགས་སྤེལ་རྒྱུ་ཡིན་པས།
འབྲེལ་ཡོད་གནས་ཚུལ་གཤམ་གསལ་ལྟར།
གཅིག བྱ་འགུལ་གྱི་མིང་། རྨ་ཆུ་རྫོང་གི༢༠༢༤ལོའི་མེས་རྒྱལ་བཙུགས་ནས་ལོ་འཁོར༧༥ལོན་པར་རྟེན་འབྲེལ་ཞུ་བའི་སྟོན་དུས་ཀྱི་གེ་སར་རྟ་རྒྱུག་འགྲན་ཚོགས།
གཉིས། གཙོ་སྒྲུབ་ལས་ཁུངས། ཀྲུང་གུང་རྨ་ཆུ་རྫོང་ཨུ། རྨ་ཆུ་རྫོང་མི་དམངས་སྲིད་གཞུང་། ཀན་ལྷོ་ཁུལ་ལུས་རྩལ་ཅུས།
གསུམ། འགན་སྒྲུབ་ལས་ཁུངས། ཀན་ལྷོ་རྨ་ཆུའི་གེ་སར་རྟ་རྒྱུག་མཐུན་ཚོགས། རྨ་ཆུ་རྫོང་རིག་གནས་ཡུལ་སྐོར་འགྲིམ་འགྲུལ་འཛུགས་སྐྲུན་ཚད་ཡོད་ཀུང་སི། རྨ་ཆུ་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས།
བཞི། འགྲན་ཞུགས་ཁྱབ་ཁོངས། ཀན་སུའུ་ཞིང་ཆེན་ནང་ཁུལ།
ལྔ། དུས་ཚོད། ༢༠༢༤ལོའི་ཟླ༡༠བའི་ཚེས༡༥ནས་ཟླ༡༠བའི་ཚེས༡༦ཉིན་བར། ཁྱོན་ཉིན་གཉིས།
དྲུག ས་གནས། རྨ་ཆུ་རྫོང་གེ་སར་རྟ་གཤིབ་ར་བ།
བདུན། འགྲན་སྡུར་གྱི་རྣམ་གྲངས། རྟ་རྒྱུག་རྣམ་གྲངས་ལ་ཆེད་ལས་རྟའི་རྨིད་སྟོང་གཉིས་ཅན། གོམ་རྟའི་རྨིད་སྟོང་གཉིས་ཅན། འབྲོག་རྟའི་རྨིད་སྟོང་གཅིག་དང་ཉིས་བརྒྱ་ཅན། འབྲོག་རྟའི་རྨིད་ཉིས་སྟོང་བརྒྱད་བརྒྱ་ཅན། འབྲོག་རྟའི་རྣམ་གྲངས་ལ་རྨ་ཁུག་རྟ་ཁོ་ན་ཡིན་པ་དང་ཆེད་ལས་རྣམ་གྲངས་ལ་རྟ་རིགས་གང་ཡང་ཞུགས་ཆོག གོམ་རྟའི་རྣམས་གྲངས་ནི་རྟའི་མཐོ་ཚད་སྨི༡.༤༠མན་དང་སྨི༡.༤༠ཡིན་དགོས།
བརྒྱད། ཉིན་རེའི་བཀོད་སྒྲིག་དང་བྱ་དགའི་རྣམ་གྲངས།
ཟླ༡༠བའི་ཚེས༡༥ཉིན་གྱི་སྔ་དྲོར་ཆེད་ལས་རྟའི་རྨིད་སྟོང་གཉིས་ཅན་གཤིབ་རྒྱུ་ཡིན་པ་དང་། ཨང་རིམ་སྔོན་མ་དགུ་ལ་བྱ་དགའ་ཡོད་དེ། དང་པོ་ནས་རིམ་བཞིན་དུ་སྒོར༢༠༠༠༠ སྒོར༡༥༠༠༠ སྒོར༡༢༠༠༠ སྒོར༨༠༠༠ སྒོར༦༠༠༠ སྒོར༥༠༠༠ སྒོར༥༠༠༠ སྒོར༥༠༠༠ སྒོར༥༠༠༠བཅས་སོ། (ཁྱོན་བསྡོམས་སྒོར་ཁྲི་བརྒྱད་དང་སྟོང་གཅིག)
ཟླ༡༠བའི་ཚེས༡༥ཉིན་གྱི་ཕྱི་དྲོར་འབྲོག་རྟའི་རྨིད་སྟོང་གཅིག་དང་ཉིས་བརྒྱ་ཅན་གཤིབ་རྒྱུ་ཡིན་པ་དང་། ཨང་རིམ་སྔོན་མ་དགུ་ལ་བྱ་དགའ་ཡོད་དེ། དང་པོ་ནས་རིམ་བཞིན་དུ་སྒོར༡༥༠༠༠ སྒོར༡༢༠༠༠ སྒོར༡༠༠༠༠ སྒོར༩༠༠༠ སྒོར༨༠༠༠ སྒོར༥༠༠༠ སྒོར༥༠༠༠ སྒོར༥༠༠༠ སྒོར༥༠༠༠བཅས་སོ། (ཁྱོན་བསྡོམས་སྒོར་ཁྲི་བདུན་དང་སྟོང་བཞི།)
ཟླ༡༠བའི་ཚེས༡༦ཉིན་གྱི་སྔ་དྲོར་གོམ་རྟའི་རྨིད་སྟོང་གཉིས་ཅན་གཤིབ་རྒྱུ་ཡིན་པ་དང་། ཨང་རིམ་སྔོན་མ་དགུ་ལ་བྱ་དགའ་ཡོད་དེ། དང་པོ་ནས་རིམ་བཞིན་དུ་སྒོར༢༠༠༠༠ སྒོར༡༥༠༠༠ སྒོར༡༢༠༠༠ སྒོར༨༠༠༠ སྒོར༦༠༠༠ སྒོར༥༠༠༠ སྒོར༥༠༠༠ སྒོར༥༠༠༠ སྒོར༥༠༠༠བཅས་སོ། (ཁྱོན་བསྡོམས་སྒོར་ཁྲི་བརྒྱད་དང་སྟོང་གཅིག)
གསལ་འདེབས། གོམ་རྟ་གཤིབ་ཚར་རྗེས་འབྲོག་རྟའི་རྨིད་སྟོང་གཉིས་དང་བརྒྱད་བརྒྱ་ཅན་གྱི་འདེམ་རྒྱུག་གཤིབ་རྒྱུ་ཡིན།
ཟླ༡༠བའི་ཚེས༡༦ཉིན་གྱི་ཕྱི་དྲོར་འབྲོག་རྟའི་རྨིད་སྟོང་གཉིས་ཅན་གྱི་བསྐྱར་འགྲན་དང་རྟིང་རྩོད་ཡིན་པ་དང་། ཨང་རིམ་སྔོན་མ་དགུ་ལ་བྱ་དགའ་ཡོད་དེ། དང་པོ་ནས་རིམ་བཞིན་དུ་སྒོར༢༠༠༠༠ སྒོར༡༥༠༠༠ སྒོར༡༣༠༠༠ སྒོར༡༠༠༠༠ སྒོར༩༠༠༠ སྒོར༧༠༠༠ སྒོར༧༠༠༠ སྒོར༧༠༠༠ སྒོར༧༠༠༠བཅས་སོ། (ཁྱོན་བསྡོམས་སྒོར་ཁྲི་དགུ་དང་སྟོང་ལྔ།)སྤྱི་ཁྱོན་བྱ་དགའ་སྒོར་ཁྲི༣༣.༡ཡིན།
དགུ མིང་ཐོ་འགོད་པའི་རེ་འདུན།
༡ མིང་ཐོ་འགོད་སྐབས་རྨ་ཆུ་རྫོང་གི་འགྲན་ཞུགས་པས་ཡུལ་ཚོ་དང་གྲོང་བརྡལ(ར་བ་དང་ས་ཚིགས)ལྟར་མིང་ཐོ་འགོད་དགོས་པ་དང་། འགྲན་ཞུགས་པ་གཞན་དག་གིས་རྫོང(གྲོང་ཁྱེར་དང་ཁུལ)ལྟར་དུ་མིང་ཐོ་འགོད་དགོས།
༢ འགྲན་ཞུགས་ཚོགས་པས་འབྱོར་ཐོ་འགོད་སྐབས་ཁོའོ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ཞིག་གིས་རུ་སྣེ་བྱེད་དགོས་པ་མ་ཟད། རྫོང་རིམ་པ་ཡན་གྱི་ལུས་རྩལ་སྡེ་ཁག་གི་རུ་སྣེའི་དཔང་ཡིག་དགོས་ཤིང་། དེས་མིང་ཐོ་འགོད་པ་དང་འབྱོར་ཐོ་འགོད་པ། རྟ་གཤིབ་རིང་གི་བྱ་བ་ཡོངས་ལ་འགན་འཁུར་དགོས། རུ་སྣེ་མེད་ན་མིང་ཐོ་འགོད་མི་ཆོག
༣ རུ་སྣེ་དག་གིས་རྫོང་རིམ་པ་ཡན་གྱི་རྟའི་རིམས་བཤེར་དཔང་ཡིག་དང་ཁག་ཐེག་ཡི་གེ རུ་སྣེའི་དཔང་ཡིག མིང་ཐོ་འགོད་པའི་རེའུ་མིག རུ་སྣེའི་འདྲ་པར(གློག་རྡུལ)སོགས་ཡིག་ཆ་མིང་ཐོ་འགོད་སར་སྤྲོད་དགོས། རྟའི་འདྲ་པར་ངེས་པར་དུ་ཁ་བཏགས་དང་མེ་ཏོག གོས། རྟ་ཁེབས་སོགས་མེད་པའི་གསལ་ཞིང་ཆ་ཚང་བའི(རྟའི་གདོང་དང་རྣ། སུག་བཞི། ཁ་མདོག)ཟླ་གཅིག་ནང་ཁུལ་གྱི་པར་ཡིན་དགོས་ལ། འདྲ་པར་ལ་བཟོ་བཅོས་ཅི་ཡང་རྒྱག་མི་ཆོག་པ་མ་ཟད། རྟའི་ལུས་སྟེང་གི་ཁྱད་ཆོས་ཚང་མ་འདྲ་པར་དུ་དོད་དགོས། རྫུན་བཟོའི་གནས་ཚུལ་ཤེས་ན་འགྲན་ཞུགས་བྱེད་དུ་མི་འཇུག་ལ་དེ་ལས་བྱུང་བའི་དོན་དག་ཡོད་ཚད་རྫུན་བཟོ་པས་འགན་འཁུར་དགོས།
༤ མིང་ཐོ་འགོད་རིན་རྟ་རེར་སྒོར༥༠༠ཡིན། (དེར་རྟ་རྩལ་པའི་ལྭ་བ་དང་སྐྱོབ་ཞྭ། གཙང་སྦྲའི་རིན་བཅས་འདུ།)རུ་སྣེའི་མིང་ཐོ་འགོད་གླ་བསྡུ་དགོས་པ་མ་ཟད་རྟ་རྩལ་པའི་ལྭ་བ་དང་སྐྱོབ་ཞྭ་གཅིག་གྱུར་དུ་ལེན་དགོས། འགྲན་ཞུགས་གཤིབ་རྟར་བསམ་ཡུལ་ལས་འདས་པའི་དོན་གང་ཅི་ཞིག་བྱུང་ཡང་མིང་ཐོ་འགོད་གླ་ཕྱིར་མི་སློག
བཅུ། མིང་ཐོ་འགོད་པའི་དུས་ཚོད་དང་ས་གནས།
དུས་ཚོད། ༢༠༢༤ལོའི་ཟླ༩བའི་ཚེས༢༠ནས་ཟླ༩བའི་ཚེས༢༨བར་ཡིན།
ས་གནས། རྨ་ཆུ་རྫོང་གེ་སར་རྟ་རྒྱུག་ར་བ།
བཅུ་གཅིག འབྱོར་ཐོ་འགོད་པའི་དུས་ཚོད་དང་ས་གནས།
དུས་ཚོད། ༢༠༢༤ལོའི་ཟླ༩བའི་ཚེས༢༨ཉིན་ནས་ཟླ༡༠བའི་ཚེས༥ཉིན་བར།
ས་གནས། རྨ་ཆུ་རྫོང་གེ་སར་རྟ་གཤིབ་ར་བ།
བཅུ་གཉིས། འབྲེལ་གཏུགས་བྱེད་ཐབས།
ཡིག་སྒམ། mojian0603@126.com
འབྲེལ་གཏུགས་བྱེད་ས།
འཇམ་དབྱངས་ཉི་མ། 13909415125
རྡོ་རྗེ་ཚེ་བརྟན། 18093936616
རྣམ་རྒྱལ་སྒྲོལ་མ། 18093943632