索 引 号: | olxmx/2025-00021 | ||
标 题: | 关于对甘南牦牛生鲜乳定点收购牧户优惠奖补的公告 | ||
发文字号: | 发文机关: | 玛曲县欧拉秀玛乡 | |
成文日期: | 发文日期: | 2025-05-31 | |
为进一步畜牧业强化甘南牦牛高质量发展工作,保障玛曲县甘南牦牛生鲜乳质量安全,促进全县奶产业稳步健康发展,推进奶产业生产方式和利益联结机制的总体思路,调动牧民鲜奶定点销售的积极性,提高牧民群众收入。现对全县牧民群众定点销售牦牛生鲜乳进行优惠奖补。具体事宜公告如下。
一、玛曲收购点
玛曲县阿万仓奶站、阿孜站奶站、马场场部奶站、欧拉达尔庆奶站、尼玛镇萨合村奶站、齐哈玛奶站、欧拉欧强奶站、欧拉镇克勤奶站、欧拉秀玛贡周一队奶站等9个奶站同时开展甘南牦牛生鲜乳收购工作。
奶站负责人:
南杰昂秀 18909410030(微信同号)
尕旦木吉 18809498158(微信同号)
拉昂 18893836172(微信同号)
二、定点收购价格
定点牦牛生鲜乳收购价格为4元/斤,政府补贴0.5元/斤,合计4.5元/斤。
三、定点收购时间
2025年6月1日到2025年10月底。
四、生鲜乳收购要求
牦牛生鲜乳销售牧户需保障乳品新鲜纯正,各收购点对待收购的牦牛生鲜乳进行初步检测验收,验收达标后方可收购。
五、奖励补贴对象和范围
凡与定点机构签订牦牛生鲜乳购销合同的所有玛曲籍牧户均可享受奖励性的奶价补贴政策。
六、奖励补贴方式
奖励补贴以“一卡通”形式直拨到牧户账户中,补贴有限发放完为止。
玛曲县农业农村和科学技术局
2025年5月13日
ཀན་ལྷོའི་འོ་རློན་དམིགས་བཙུགས་བསྡུ་ཉོའི་འབྲོག་ཁྱིམ་ལ་གཟིགས་སྐྱོང་ཁ་གསབ་སྤྲོད་རྒྱུའི་བརྡ་ཐོ།
ཀན་ལྷོའི་འབྲི་གཡག་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལས་དོན་ལ་ཕྱུགས་ལས་ཀྱིས་སྔར་ལས་ཤུགས་རྒྱག་པ་དང་། རྨ་ཆུ་རྫོང་གི་ཀན་ལྷོའི་འོ་རློན་གྱི་སྤུས་ཀ་དང་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། རྫོང་ཡོངས་ཀྱི་འོ་མའི་ཐོན་ལས་གོང་འཕེལ་བརྟན་པོ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་ཞིང་། འོ་མའི་ཐོན་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་ཁེ་ཕན་གཅིག་སྦྲེལ་ལམ་སྲོལ་གྱི་སྤྱིའི་རིག་ལམ་ལ་སྐུལ་འདེད་དང་། འབྲོག་པས་འོ་མ་དམིགས་བཙུགས་ས་ཚིགས་ནས་འཚོང་བའི་ཧུར་སེམས་ལ་སྐུལ་སློང་བྱེད་པ་དང་། འབྲོག་པའི་ཡོང་སྒོ་ཇེ་མཐོར་གཏོང་བ་བཅས་ཀྱི་ཆེད་དུ། ད་ལྟ་རྫོང་ཡོངས་ནས་འབྲོག་པས་དམིགས་བཙུགས་ས་ཚིགས་ནས་འོ་རློན་བཙོངས་པར་གཟིགས་སྐྱོང་དང་ཁ་གསབ་སྒོར་མོ་སྤྲོད་རྒྱུ་ཡིན། དེའི་ནང་དོན་ཞིབ་ཕྲ་གཤམ་གསལ་ལྟར་ཡིན།
གཅིག རྨ་ཆུའི་བསྡུ་ཉོ་ས་ཚིགས།
རྨ་ཆུ་རྫོང་དབལ་བན་ཚང་། ཨ་ཙི་ཕྱུག་རྭ། རྨ་ཁུག་རྟ་རྭ། དངུལ་རྭའི་དར་ཆེན། ཉིན་མ་གྲོང་རྡལ་ས་དཀར། ཆུ་ཁ་མ། དངུལ་རྭའི་དངུལ་ཆུང་། དངུལ་རྭའི་ཁུ་ཆེན། དངུལ་རྭ་ཞོལ་མའི་གོང་འགྲིག་རུ་ཆེན་དང་བོ་བཅས་བསྡོམས་པས་འོ་མ་བསྡུ་ཉོ་ས་ཚིགས་9ཡོད་ལ། དེ་དག་གིས་དུས་གཅིག་ཏུ་ཀན་ལྷོའི་འོ་རློན་བསྡུ་ཉོ་བྱ་རྒྱུ་ཡིན།
ས་ཚིགས་ཀྱི་འགན་འཁུར་བ།
རྣམ་རྒྱལ་དབང་ཕྱུག 18909410030(སྐད་འཕྲིན)
བཀའ་དམ་སྐྱིད། 18809498158(སྐད་འཕྲིན)
ལྷ་དབང་། 18893836172(སྐད་འཕྲིན)
གཉིས། དམིགས་བཙུགས་བསྡུ་ཉོའི་རིན་གོང་།
དམིགས་བཙུགས་འོ་རློན་བསྡུ་ཉོའི་རིན་གོང་ནི་རྒྱ་མ་རེར་སྒོར་4ཡིན་ལ། སྲིད་གཞུང་གི་ཁ་གསབ་ནི་རྒྱ་མ་རེར་སྒོར་0.5ཡིན། བསྡོམས་པས་རྒྱ་མ་རེར་སྒོར་4.5ཡིན།
གསུམ། དམིགས་བཙུགས་བསྡུ་ཉོའི་དུས་ཚོད།
2025ལོའི་ཟླ་6པའི་ཚེས་1ནས་ 2025ལོའི་ཟླ་10བའི་ཟླ་མཇུག་བར།
བཞི། འོ་རློན་བསྡུ་ཉོའི་ཆ་རྐྱེན།
འོ་རློན་འཚོང་མཁན་འབྲོག་ཁྱིམ་གྱིས་རང་གི་འོ་མ་ནི་གསར་བ་དང་དག་མ་ཡིན་པ་ཁས་ལེན་དགོས་ལ། བསྡུ་ཉོ་ས་ཚིགས་ཀྱིས་འོ་མ་ལ་བརྟག་དཔྱད་བྱས་ནས་ཆ་རྐྱེན་དང་འཚམ་ན་དངོས་སུ་བསྡུ་ཉོ་བྱ་དགོས།
ལྔ། ཁ་གསབ་སྤྲོད་ས་དང་ཁྱབ་ཁྱོངས།
དམིགས་བཙུགས་ས་ཚིགས་ལ་འོ་མ་ཉོ་ཚོང་གི་གན་རྒྱ་བརྒྱབ་པའི་རྨ་ཆུ་བ་ཡིན་ཕྱིན། འོ་མའི་རིན་གོང་ཁ་གསབ་ཀྱི་སྲིད་ཇུས་ལོངས་སུ་སྤྱད་ཆོག
དྲུག ཁ་གསབ་སྒོར་མོ་སྤྲོད་སྟངས།
ཁ་གསབ་སྒོར་མོ་ནི་“ཁཱ་གཅིག་ཀུན་འཐུས་”སམ་ཡང་ན་རྒྱ་སྐད་ཀྱི་“一卡通”ཞེས་པའི་རྣམ་པའི་ཐོག་ནས་འབྲོག་པའི་ཐོ་ཁོངས་ནང་སྤྲད་རྒྱུ་ཡིན། ཁ་གསབ་སྒོར་མོ་ལ་ཚད་ཡོད་པས་གང་མགྱོགས་ལེན་དུ་ཕེབས་རོགས། །
རྨ་ཆུ་རྫོང་ཞིང་ལས་ཞིང་སྡེ་དང་ཚན་རྩལ་ཅུས།
2025ལོའི་ཟླ་5བའི་ཚེས་13ཉིན