索 引 号: | mrmz/2024-00062 | ||
标 题: | རྨ་ཆུ་རྫོང་མི་དམངས་སྲིད་གཞུང་གི་2024ལོ་ནས་2025ལོའི་བར་གྱི་ནགས་ཚལ་དང་རྩྭ་ཐང་ལ་མེ་རྒྱ་སྡོམ་པའི་བཀའ། | ||
发文字号: | 发文机关: | 玛曲县曼日玛镇 | |
成文日期: | 发文日期: | 2024-11-17 | |
ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱ་རྒྱུ་དང་།རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས།དེ་མིན་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ནགས་ཚལ་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩྭ་ཐང་བཅའ་ཁྲིམས》དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《ནགས་ཚལ་མེ་ཟོན་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཨང་541པ)་དང་《རྩྭ་ཐང་མེ་ཟོན་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཨང་542པ)བཅས་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་བ་དང་།རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་བབ་དང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་མེ་གསོད་མེ་ཟོན་བྱ་བའི་དོན་དངོས་ཟུང་འབྲེལ་བྱས་ཏེ་2024ལོའི་ཟླ་10་ཚེས་1ཉིན་ནས་2025ལོའི་ཟླ་5་ཚེས་31་ཉིན་བར་ནི་རྩྭ་ཐང་གི་མེ་ཟོན་དུས་ཚོད་དང་2024ལོའི་ཟླ་11་ཚེས་1་ཉིན་ནས་2025ལོའི་ཟླ་5་ཚེས་31་ཉིན་བར་རྫོང་ཡོངས་ཀྱི་ནགས་ཚལ་མེ་ཟོན་དུས་ཚོད་དུ་གཏན་འཁེལ་བྱས་པ་རེད། 2024ལོ་ནས་2025ལོའི་བར་གྱི་རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་བྱ་བ་ཡག་པོ་བསྒྲུབ་ཆེད།བཀའ་ཕབ་པ་གཤམ་ལྟར།
གཅིགམེ་ཟོན་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། “ཏང་སྲིད་ཀྱི་འགན་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་།ས་གནས་སྲིད་གཞུང་གི་སྲིད་འཛིན་མགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལྟེ་བར་བྱེད་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་དང་།ལས་རིགས་འགན་ནུས་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དང་ནགས་ཚལ་དང་རྩྭ་ཐང་གཉེར་སྐྱོང་ཚན་པའི་བྱེད་པོའི་འགན་འཁྲི་ལ་ཤུགས་བརྒྱབ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལ་འབད་འབུངས་བྱེད་དགོས། སྲིད་འཛིན་ས་ཁོངས་སམ་ཡང་ན་དོ་དམ་ས་ཁོངས་གཉིས་ཡན་དང་འབྲེལ་བ་ཡོད་ཚེ་གཙོ་འགན་འཁུར་མཁན་སྡེ་ཁག་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མཉམ་འགོག་ལམ་སྲོལ་འཛུགས་པ་དང་།མཉམ་འགོག་གི་འགན་འཁྲི་ཁ་གསལ་བོ་བྱས་ཏེ་མཉམ་འགོག་ས་ཁོངས་ནང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱ་བ་ཡག་པོ་མཉམ་སྒྲུབ་བྱ་དགོས། ནགས་དཔོན་ལམ་ལུགས་ཀྱི་ལས་སྟེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱ་བ་ཏང་ཨུའི་མགོ་ཁྲིད་དང་ཏང་སྲིད་ཀྱིས་འགན་མཉམ་འཁུར།ཁོངས་གཏོགས་ཀྱིས་འགན་འཁུར་དང་སྡེ་ཁག་གིས་མཉམ་སྒྲུབ།ཁོངས་ཡོངས་ལ་ཁྱབ་པ་དང་འབྱུང་རྩ་ནས་བཅོས་སྒྲིག་བཅས་ཀྱི་ཕུགས་ལ་ཕན་པའི་འགན་འཁྲིའི་མ་ལག་ཅིག་ཆགས་སུ་བཅུག་ནས་རི་བོ་དོ་དམ་བྱེད་མཁན་ཡོད་པ་དང་ནགས་ཚལ་སྲུང་སྐྱོང་བྱེད་མཁན་ཡོད་པ།མེ་སྔོན་འགོག་བྱེད་མཁན་ཡོད་པ་དང་འགན་འཁྲི་འཁུར་མཁན་ཡོད་པ་བཅས་འགན་ལེན་བྱེད་དགོས་ཤིང།འགན་ཤོར་ལས་འཛོལ་བྱུང་ནས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཡོང་དུ་འཇུག་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱས་ཐོག་འགན་འཁྲི་བདའ་འདེད་དང་ལྡོག་སྐུལ་བྱ་བ་དོན་འཁྱོལ་བྱེད་དགོས།
གཉིས།མེ་རྒྱ་སྡོམ་པའི་བཀའ་འབེབས་རྒྱུ། མེ་ཉེན་ཆེ་བའི་དུས་དང་ལྷག་པར་དུ་ལོ་སར་དང་།ལོ་སར་གྱི་ཚེས་བ་བཅོ་ལྔ།དྭངས་གསལ་དུས་ཆེན་སོགས་སྲོལ་རྒྱུན་དམངས་སྲོལ་གྱི་མཆོད་འབུལ་དུས་ཆེན་དང་ངལ་གསོའི་སྐབས།དེ་བཞིན་ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་ཆེ་བའི་གནམ་གཤིས་རིམ་པའི་དུས་མཚམས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་ཆེ་བའི་དུས་ཚོད་དང་ཁྱབ་ཁོངས།ནང་དོན་དང་བྱ་ཐབས་བཅས་གཏན་འཁེལ་བྱས་ནས་ནགས་ཁུལ་དང་འབྲོག་ཁུལ་དུ་སྐྱོད་མཁན་མི་སྣས་ངེས་པར་དུ“གཏན་འགོག་ལྔ”ལག་ཏུ་བསྟར་དགོས་སྟེ།ཐ་མག་འཐེན་པ་དང་ཐང་ནས་ཇ་བསྐོལ་བ།བསྲེགས་ཟས་བསྲེགས་པ་དང་མེ་སྒྲོན་པ།མེ་བུས་ནས་སྲོ་བ་བཅས་གཏན་འགོག་དང་། གད་སྙིགས་མེར་བསྲེགས་པ་དང་བསང་གཏོང་བ།སྤོས་དང་མཆོད་མེ་སྒྲོན་པ་གཏན་འགོག་བྱེད་དགོས་ཤིང་། ཤོག་སྦག་ཚོན་ཁྲ་ཅན་འགད་བ་དང་ཁུང་ཙིའི་སྒྲོན་མེ་འགེར་བ་གཏན་འགོག་བྱེད་དགོས།མེ་དང་དེ་བཞིན་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་སླ་བའི་དངོས་རྫས་གཞན་དག་མེ་རྒྱ་བསྡམས་ཡོད་པའི་ས་ཁུལ་དུ་འཁྱེར་ཡོང་མི་ཆོག
གསུམ།དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དགོས། རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་དྲིལ་བསྒྲགས་སློབ་གསོ་དེ་མེ་ཟོན་བྱ་བའི་ལས་རིམ་དང་པོ་དང་འགོག་སྲུང་འཛིང་རགས་ཨང་དང་པོར་བརྩིས་ནས་ཏེ་དམངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་མེ་ཟོན་གྱི“དྲིལ་བསྒྲགས་ཟླ་བ”དང“དྲིལ་བསྒྲགས་གཟའ་འཁོར”གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ཏུ་སྒྲིག་འཛུགས་བྱས་ནས་སྤེལ་དགོས་ཤིང་། ཤུགས་ཆེན་པོས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་“ཁེ་ལས་དང་འབྲོག་ཁུལ།སྡེ་ཁུལ་དང་སློབ་གྲྭཁྱིམ་ཚང་དང་ལས་ཁུངས།དགོན་སྡེ་དང་དྲ་རྒྱ་བཅས་སུ་སྤེལ་དགོས་པ་”དང་དུས་མཚུངས་སུ་《རྨ་ཆུ་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་གཏན་འབེབས》དང་དཔེ་མཚོན་གྱོད་དཔེ་དྲིལ་བསྒྲགས་ཡག་པོ་བྱས་ཏེ་མང་ཚོགས་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་གལ་ཆེའི་རང་བཞིན་ངོས་འཛིན་ཐོབ་ཏུ་འཇུག་དགོས་པ་མ་ཟད།མང་ཚོགས་ལ་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་བའི་ཚབས་ཆེའི་མཇུག་འབྲས་གསལ་པོ་ཤེས་སུ་བཅུག་ནས་དམངས་ཡོངས་ཀྱིས་དོ་ཁུར་དང་དམངས་ཡོངས་ཀྱིས་རྒྱབ་སྐྱོར།དམངས་ཡོངས་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་ནང་ཞུགས་པ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་དོགས་ཟོན་བཅས་བྱེད་པའི་རྣམ་པ་ཧུར་ཐག་གིས་ཆགས་སུ་འཇུག་དགོས། དེ་དང་ཆབས་ཅིག་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་གཙོ་འགན་འཁུར་མཁན་སྡེ་ཁག་གིས་རང་འགུལ་ངང་སྤྱི་ཚོགས་ཐོག“12119”ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་བརྡ་དང་ཉེན་བརྡའི་ཁ་པར་ཡོངས་བསྒྲགས་བྱེད་དགོས། བཀའ་རྒྱ་འདི་རྫོང་སྲིད་གཞུང་གིས་འགན་འཁུར་ནས་བོད་རྒྱ་སྐད་གཉིས་ཀྱི་པར་གཞི་དཔར་སྐྲུན་བྱེད་རྒྱུ་མ་ཟད།ཤུགས་ཆེན་པོས་དྲིལ་བསྒྲགས་བྱེད་རྒྱུ་ཡིན།
བཞི།ཕྱི་རོལ་གྱི་མེ་ཁུངས་ལ་ཚོད་འཛིན་ནན་པོ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་ལ་མེ་ཟོན་བྱེད་པའི་རིང་འབྲེལ་ཡོད་སྡེ་ཁག་སོ་སོས་མེ་ཉེན་ཧ་ཅང་ཆེ་བའི(མེ་ཉེན་ཆེ་བའི)ས་ཁོངས་ཀྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྐྱོང་སྔར་བས་བྱེད་པ་དང་།སྔོན་འགོག་གཙོ་བཟུང་དང་ཟོན་གསོད་ཟུང་འབྲེལ།མཉམ་འགོག་མཉམ་བཅོས་དང་མཉམ་འགོག་མཉམ་སྡོམ་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ།ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲ་རྒྱ་ཚགས་དམ་པོ་གཏོང་བ་དང་།གཙོ་གནད་ས་ཁོངས་དང་གཙོ་གནད་ས་གནས།བྱེད་སྒོ་གལ་ཆེན་དང་གཙོ་གནད་ས་མཚམས་བཅས་ལ་དམ་འཛིན་ནན་པོ་བྱེད་པ།རིམ་པ་ཅུང་ཆེ་ཙམ་ཡན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མི་བྱུང་བ་དང་མི་སྣ་འཆི་རྨས་ཀྱི་མ་མཐའི་མཚམས་ཐིག་གཉིས་མཐའ་གཅིག་ཏུ་སྲུང་བ་བཅས་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཕྱི་རོལ་དུ་སྒྲིག་འགལ་ངང་མེ་བེད་སྤྱོད་བྱེད་པའི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་བྱེད་པའི་ཆེད་དོན་བྱ་སྤྱོད་ནན་གྱིས་སྤེལ་བ་དང་།ནགས་སྲུང་བའི(རྩྭ་ས་དོ་དམ་པ)འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ཏེ་རི་ལ་སྐོར་ཞིབ་བྱེད་པའི་བར་ཐག་ཇེ་ཐུང་དང་སྐོར་ཞིབ་བྱེད་ཐེངས་མང་དུ་བཏང་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་སུ་འཇུག་པ་དང་མེད་པ་བཟོ་དགོས། དམངས་དོན་བྱ་སྤྱོད་སྤེལ་བའི་ནུས་པ་མེད་མཁན་དང་དམངས་དོན་བྱ་སྤྱོད་སྤེལ་བའི་ནུས་པ་ལ་ཚོད་འཛིན་ཐེབས་པའི་མིར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡོད་པའི་ལས་ཁུངས་དང་མི་སྒེར་གྱིས་ལྟ་སྐྱོང་བྱེད་པའི་འགན་འཁྲི་འཁུར་དགོས་པ་དང་།ལྟ་སྐྱོང་བྱ་ཡུལ་གྱི་མིས་མེ་བརྩེས་ནས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཡོང་བ་འགོག་དགོས། ནགས་ཁུལ་དུ་ཐོན་པའི་རླངས་འཁོར་དང་མི་སྣས་རང་འགུལ་སྒོས་ཞིབ་བཤེར་དང་ལེན་བྱ་དགོས་པར་མ་ཟད་ཐོ་འགོད་བྱ་དགོས།ལས་ཁུངས་དང་མི་སྒེར་སུ་ཡིན་རུང་ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པར་མཉམ་འབྲེལ་བྱ་དགོས་པ་ལས།ངོ་རྒོལ་དང་བར་ཆད་བཟོ་མི་ཆོག སྤྱི་བདེ་སྡེ་ཁག་(ནགས་ཚལ་སྤྱི་བདེ་ཡན་ལག་ཅུས)གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བཟོ་མཁན་ལ་རྡུང་རྡེག་གཏོང་ཤུགས་དང་མེ་སྐྱོན་གྱི་གྱོད་གཞི་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ནགས་ཁུལ་དང་འབྲོག་ཁུལ་གྱི་ཨར་ལས་ལས་ཁུངས་དང་ཁྱིམ་ཚང་གིས་ངེས་པར་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ་རང་འགུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་དང་ལེན་བྱེད་དགོས་པ་མ་ཟད།མེ་ཁུངས་ལ་དོ་དམ་ཡག་པོ་བྱས་ཏེ་སྔོན་འགོག་གི་བྱ་བ་ཡག་པོ་སྒྲུབ་དགོས།
ལྔ།ལས་རེས་དང་ལྟ་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་མཚམས་ནང་རིམ་སོ་སོའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ངེས་པར་དུ་ཆུ་ཚོད་24ཡི་ལས་རེས་དང་མགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ་དང་།ལས་གནས་ལས་བྲལ་བ་དང་གང་བྱུང་དུ་ལས་གནས་ཚབ་པའམ་ཡང་ན་ལས་རེས་ཁ་པར་དེ་ཁ་པར་གཞན་གྱི་སྟེང་དུ་བསྐོར་རྗེས་ལས་གནས་ལས་ཁ་བྲལ་བ་གཏན་འགོག་བྱེད་དགོས།“མེ་ཤོར་ན་ངེས་པར་དུ་སྙན་སེང་ཞུ་དགོས་པ་དང་།སྙན་སེང་དང་མེ་གསོད་དུས་གཅིག་ཏུ་བྱེད་དགོས་པ་”་དང་།ཆུ་ཚོད་གཉིས་ཀྱི་ནང་མེ་ཤོར་བའི་གནས་ཚུལ་དང་ཐག་གཅོད་བྱས་ཚུལ་དུས་ཐོག་ཏུ་གནད་ལ་འཁེལ་ཞིང་།ཚད་དང་ལྡན་པ་བཅས་ཀྱི་སྒོ་ནས་སྙན་སེང་ཞུ་དགོས་པའི་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས་པ་ལས་ཞུ་འགྱངས་དང་སྦ་གསང་བྱེད་པ།ཐ་ན་སྙན་སེང་མི་ཞུ་བ་བཅས་ཀྱི་གནས་ཚུལ་གཏན་ནས་ཡོད་མི་ཆོགནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཆེད་ལས་དང་ཕྱེད་ཆེད་ལས་དཔུང་ཁག་གིས་ཆུ་ཚོད་24རིང་ལ་ལས་འགན་སྒྲུབ་པ་དང་ལས་སྒྲུབ་གྲ་སྒྲིག་བྱེད་པ།མདུན་ཕྱོགས་སུ་བཅའ་སྡོད་འགོག་སྲུང་བྱེད་པ་བཅས་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་དམག་རྒྱག་ཁར་བཀའ་སྒུག་པའི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས།
དྲུགའཕྲལ་བསྟུན་ཐག་གཅོད་ཡག་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཕྲལ་བསྟུན་སྔོན་ཇུས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས་པ་དང་།མེ་གསོད་པའི་སྦྱོང་བརྡར་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་།ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་ཚེ་སྔོན་ཇུས་ལྟར་མགྱོགས་མྱུར་དང་ལེན་དང་མགྱོགས་མྱུར་ཐག་གཅོད་ཐུབ་པ་འགན་ལེན་བྱེད་དགོས། མེ་གསོད་ཡོ་ཆས་དང་སྒྲིག་ཆས།དངོས་ཟོག་བཅས་ལ་ཞིབ་བཤེར་དང་བདག་སྐྱོང་།ཞིབ་བཤེར་བཟོ་བཅོས་བཅས་ཀྱི་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ་འགག་རྩའི་དུས་སུ་ལེན་ཐུབ་པ་དང་བེད་སྤྱོད་ཐུབ་པ་འགན་ལེན་བྱེད་དགོས། འཕྲལ་བསྟུན་དང་རང་བྱུང་ཐོན་ཁུངས།སྤྱི་བདེ་དང་གནམ་གཤིས།མེ་ཟོན་དང་འགྲིམ་འགྲུལ་སྐྱེལ་འདྲེན་བཅས་སྡེ་ཁག་གིས་“མི་རྩ་བར་འཛིན་པ་དང་བདེ་འཇགས་ཨང་དང་པོའི”བསམ་བློ་བརྟན་པོ་བཙུགས་ཏེ་ཕན་ཚུན་འབྲེལ་བ་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གསོད་བའི་གྲ་སྒྲིག་བྱ་བ་སོ་སོ་ཡག་པོ་སྒྲུབ་པ།མེ་གསོད་པའི་བདེ་འཇགས་བྱ་ཐབས་དོན་འཁྱོལ་བཅས་བྱས་ཏེ་མི་ཤི་རྨས་ཀྱི་ལས་འཛོལ་མི་ཡོང་བ་བྱེད་དགོས། ལས་ཁུངས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནས་ཚུལ་མཐོང་ཚེ་ས་གནས་དེ་གའི་ཞང་དང་གྲོང་རྡལ་གྱི་(ར་བ)་མི་དམངས་སྲིད་གཞུང་ལ་འཕྲལ་མར་སྙན་སེང་ཞུ་དགོས་པ་མ་ཟད།ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཉེན་ཟོན་གྱི་ཁ་པར་(12119)རྒྱག་དགོས།
བདུན།འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས། “བཀའ་རྒྱ་འདི་ལས་འགལ་ན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་དེ་མཚུངས་ཀྱི་ཆད་པ་གཅོད་རྒྱུ”ཡིན།
བརྒྱད།བཀའ་རྒྱ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་ལག་ཏུ་བསྟར་རྒྱུ་ཡིན།
ཆེད་དུ་བཀའ་ཕབ།
རྫོང་དཔོན།དབྱང་ཀྲི་མིན།
2024ལོའི་ཟླ་10་ཚེས་30་ཉིན་གྱི་བཀའ་ཕབ།