索 引 号: | mrmz/2023-00102 | ||
标 题: | 通告 | ||
发文字号: | 发文机关: | 玛曲县曼日玛镇 | |
成文日期: | 发文日期: | 2023-09-18 | |
曼日玛镇人民政府关于禁止私搭乱建、违法违规,非法占用地建设的通告
全镇广大人民群众:
为坚决遏制私搭乱建和违法违规占地建设行为,根据《中华人民共和国城乡规划法》、《中华人民共和国土地管理法》、《甘肃省城乡规划条例》等相关规定,结合我镇实际,现将有关事项通告如下:
一、加强审批管理。镇境内所有建设项目须按程序审批、报备,未经审批,任何单位和个人不得擅自乱占用地新建、扩建房屋及其他各类建筑;不得侵占公共空间、、草地、河道;不得私自搭建棚舍、私自用铁丝网圈地。
二、加强执法监督。各村组要充分发挥属地管理职责,切实履行监管责任,加强对重点区域的巡查和排查力度,对私搭乱建、违法违规非法占用地的建筑物依法拆除。
三、严格整改落实。自本通告发布之日起,认定为违法建筑,非法占用地的将依法下达《限期拆除通知书》,违法建设所有人在规定的时间内须自行拆除并恢复原状。未自行整改或拆除的将依法予以拆除,并追究相关责任,由此造成的一切法律后果由违法违规建设单位和个人承担。
四、依法追究问责。在查处过程中,阻碍执法人员依法执行公务的,由公安机关依照《中华人民共和国治安管理处罚法》予以处罚;对妨害公务及组织、煽动、暴力抗法涉嫌犯罪的,依法追究刑事责任。单位和个人均有义务举报违法违规占地、建设及改扩建等违法行为,对举报人信息严格进行保密。本通告自公布之日起施行。
曼日玛镇人民政府
2023年9月18日
སྨད་མ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཁྲིམས་མཐུན་མིན་པར་ས་ཆ་བདག་འཛིན་བྱས་ཏེ་གང་བྱུང་དུ་འཛུགས་སྐྲུན་བྱེད་པ་གཏན་འགོག་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།
གྲོང་བརྡལ་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས།
ཁྲིམས་འགལ་སྒྲིག་འགལ་གྱིས་ས་ཆ་བདག་བཟུང་བྱས་ནས་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད་དུ།རང་གྲོང་རྡལ་གྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་དང་གྲོང་གསེབ་འཆར་འགོད་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས》《ཀན་སུའུ་ཞིང་ཆེན་གྲོང་དང་གྲོང་གསེབ་འཆར་འགོད་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བ་དང་།རང་རེའི་གྲོང་རྡལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཤམ་དུ་འབྲེལ་ཡོད་དོན་ཚན་འགའ་བརྡ་ཁྱབ་བཏང་ཡོད།
གཅིག ཞིབ་བཤེར་ཆོག་མཆན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། གྲོང་རྡལ་གྱི་ས་ཁོངས་ནང་གི་འཛུགས་སྐྲུན་རྣམ་གྲངས་ཡོད་ཚད་ངེས་པར་དུ་གོ་རིམ་ལྟར་ཞིབ་བཤེར་ཆོག་མཆན་འགོད་པ་དང་སྙན་སེང་ཐོ་འགོད་བྱེད་དགོས་ཤིང་།ཞིབ་བཤེར་ཆོག་མཆན་མ་ཐོབ་ན།གཞུང་དང་སྒེར་སུ་ཡིན་ཡང་ས་ཆ་རང་དགར་བཟུང་ནས་སྡོད་ཁང་གསར་སྐྲུན་དང་རྒྱས་སྐྲུན་བྱེད་མི་ཆོག རང་འདོད་དུ་དྲོད་ཁང་དང་ལྕགས་ར་རྒྱག་པ་སོགས་བྱ་མི་ཆོག
གཉིས། ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། རུ་སྡེ་ཁག་གིས་རང་གཏོགས་དོ་དམ་གྱི་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ནས་ལྟ་སྐུལ་དོ་དམ་དོན་འཁྱོལ་བྱ་དགོས། གཙོ་གནད་ས་ཁོངས་ལ་སྐོར་ཞིབ་དང་ལྟ་བཤེར་བྱ་རྒྱུར་ཤུགས་སྣོན་དགོས། ཁྲིམས་འགལ་སྒྲིག་འགལ་ངང་གང་བྱུང་དུ་འཛུགས་བསྐྲུན་བྱས་བ་ཁྲིམས་ལྟར་བཤིག་དགོས།
གསུམ།དག་ཐེར་ཡོ་བསྲང་དོན་འཁྱོལ་ནན་པོ་བྱ་དགོས། བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་། ཁྲིམས་འགལ་འཛུགས་སྐྲུན་དང་ཁྲིམས་འགལ་བདག་བཟུང་ལ་དངོས་འཛིན་བྱས་བ་དག་ལ་《དུས་བཀག་ནང་བཤིག་རྒྱུའི་བརྡ་ཐོ་》བྱིན་རྒྱུ་ཡིན། ཁྲིམས་འགལ་འཛུགས་སྐྲུན་གྱི་བདག་པོས་གཏན་འབེབས་བྱས་པའི་དུས་ཚོད་ནང་ངེས་པར་དུ་རང་གིས་བཤིག་སྟེ་སྔར་གྱི་རྣམ་པ་སླར་གསོ་བྱ་དགོས། རང་འགུལ་ངང་བཅོས་སྒྲིག་མ་བྱས་པའམ་ཡང་ན་བཤིག་མེད་པའི་རིགས་ཁྲིམས་ལྟར་བཤིག་རྒྱུ་ཡིན་ལ་འབྲེལ་ཡོད་འགན་འཁྲི་འཁུར་དགོས། དེ་མིན་འབྲེལ་ཡོད་ཀྱི་གནད་དོན་བཟོས་ན་བཅའ་ཁྲིམས་ཀྱི་མཇུག་འབྲས་ཚང་མ་གཞུང་ངམ་མི་སྒེར་རང་གི་འཁུར་དགོས།
བཞི།ཁྲིམས་ལྟར་འགན་འཁྲི་རྩར་འདེད་གཏོང་བ། ཞིབ་བཤེར་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་འགོག་རྐྱེན་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་བཅའ་ཁྲིམས་》ལྟར་ཆད་པ་གཅོད་རྒྱུ་དང་། གཞུང་དོན་ལ་འགོག་རྐྱེན་བཟོ་བ་དང་།སྒྲིག་འཛུགས་བྱེད་པ།ངན་སྐུལ་བྱེད་པ།དྲག་ཤུགས་ལ་བརྟེན་ནས་བཅའ་ཁྲིམས་ལ་འགོག་རྒོལ་བྱེད་པ་བཅས་ཀྱི་དོགས་ཡོད་ཉེས་ཅན་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩར་འདེད་གཏོང་རྒྱུ། གཞུང་སྒེར་ཚང་མས་ཁྲིམས་འགལ་སྒྲིག་འགལ་ངང་ས་ཆ་བཟུང་བ་དང་འཛུགས་སྐྲུན།བསྐྱར་སྐྲུན་རྒྱས་སྐྲུན་སོགས་ཁྲིམས་འགལ་བྱེད་པ་ཐེར་འདོན་བྱེད་པའི་འོས་འགན་ཡོད་པ་མ་ཟད།ཐེར་འདོན་བྱེད་མཁན་གྱི་གནས་ཚུལ་གསང་རྒྱ་ནན་པོ་བྱེད་ངེས་ཡིན། བརྡ་ཁྱབ་འདི་སྤྱི་བསྒྲགས་བྱས་ཉིན་ནས་ལག་ལེན་བསྟར་དགོས།
སྨད་མ་གྲོང་རྡལ་མི་དམངས་སྲིད་གཞུང་ནས།
2023ལོའི་ཟླ་9བའི་ཚེས་18ཉིན་ལ།