索 引 号: olxmx/2025-00007
 标  题: 玛曲县藏族中学分区办学公告
 发文字号:  发文机关: 玛曲县欧拉秀玛乡
 成文日期:  发文日期: 2025-02-21
 
玛曲县藏族中学分区办学公告

玛曲县藏族中学分区办学公告


玛曲县藏族中学各位家长、学生:

为进一步深化基础教育综合改革,推进义务教育优质均衡发展,满足人民群众日益增长的优质教育需求,提高全县教育办学效益和水平。鉴于玛曲县藏族中学教室、宿舍严重不足,无法满足正常教育教学需求的实际,在县委、县政府的大力支持下,决定从今年春季学期起,玛曲县藏族中学实行分区办学,现就相关事宜公告如下:

从2025年春季学期起,对玛曲县藏族中学七年级、八年级实行分区办学,九年级保持不变。具体为:七年级单数班(1班、3班、5班、7班、9班、11班、13班、15班、17班)在玛曲县藏族中学报名就读;双数班(2班、4班、6班、8班、10班、12班、14班、16班)在原玛曲县藏族寄宿制高级中学报名就读;八年级单数班(1班、3班、5班、7班、9班、11班)在玛曲县藏族中学报名就读;双数班(2班、4班、6班、8班、10班、12班)在原玛曲县藏族寄宿制高级中学报名就读,报名时间为2025年2月23日。分区办学后将保持学生学籍不变,原班级学生不变。教师按职称、专业、年龄结构等合理安排。

分区办学后两个校区学生都将拥有更多的活动空间,更多运动场所,更多功能教室。我们也将进一步统筹教师资源,保障教育教学需要,围绕推进教育优质均衡发展,全面加强学校管理,持续加强教师队伍建设,促进办学水平提高,实现教育教学质量全面提升。

我们衷心希望家长们能够给予充分的理解和支持。我们将全力以赴做好各项工作,确保孩子们能够平稳、顺利地适应新环境。同时,我们也期待家长与学校保持密切沟通,共同关注孩子们的成长,为他们的未来发展保驾护航。

特此公告。

玛曲县教育局

2025年2月21日


༄༅།།རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་སློབ་ཁུལ་གཉིས་སུ་བགོ་རྒྱུའི་སློབ་སྒྲུབ་སྤྱི་བསྒྲགས།

རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་རྒྱ་ཆེའི་ཁྱིམ་བདག་དང་སློབ་གྲོགས་རྣམ་པ།

རྨང་གཞིའི་སློབ་གསོའི་སྣ་འཛོམས་བཅོས་བསྒྱུར་གོམ་གང་མདུན་སྤོས་ཀྱིས་གཏིང་ཟབ་ཏུ་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་སྤུས་ལེགས་སློབ་གསོའི་འདོད་བློ་སྐོང་བ། རྫོང་ཡོངས་ཀྱི་སློབ་གསོ་སློབ་སྒྲུབ་ཀྱི་གྲུབ་འབྲས་དང་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ཀྱི་ཆེད་དང་། དེ་མིན་ད་དུང་མིག་སྔར་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ལ་སློབ་ཁང་དང་ཉལ་ཁང་སོགས་ཀྱིས་མི་འདང་བ་དང་སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་རྒྱུན་ལྡན་ལྟར་སྒྲུབ་མི་ཐུབ་པར་དམིགས་ཏེ། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་བླ་མེད་རྒྱབ་སྐྱོར་འོག  ད་ལོའི་དཔྱིད་དུས་སློབ་སྐབས་ནས་བཟུང་སྟེ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་སློབ་ཁུལ་གཉིས་སུ་བགོས་ཏེ་སློབ་སྒྲུབ་བྱ་རྒྱུ་ཡིན་ཞིང་། འབྲེལ་ཡོད་ཀྱི་དོན་དག་འགའ་གསལ་བསྒྲགས་བྱས་པ་གཤམ་གསལ་ལྟར།

སྤྱི་ལོ༢༠༢༥ལོའི་དཔྱིད་དུས་སློབ་སྐབས་ནས་བཟུང་སྟེ། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་ལོ་རིམ་བདུན་པ་དང་བརྒྱད་པ་གཉིས་ཁག་གཉིས་སུ་བགོས་ནས་སློབ་སྒྲུབ་བྱ་རྒྱུ་ཡིན་ཞིང་། ལོ་རིམ་དགུ་བར་སྔར་བཞིན་འགྱུར་ལྡོག་གང་ཡང་མེད། ཁག་གཉིས་སུ་བགོད་ཚུལ་ནི་འདི་ལྟ་སྟེ། ལོ་རིམ་བདུན་པའི་ཡ་གྲངས་ཅན་གྱི་འཛིན་གྲྭ་སྟེ་འཛིན་གྲྭ་དང་པོ་དང་། གསུམ་པ། ལྔ་བ། བདུན་པ། དགུ་བ། བཅུ་གཅིག་པ། བཅུ་གསུམ་པ། བཅོ་ལྔ་བ། བཅུ་བདུན་པ་བཅས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་མིང་ཐོ་འགོད་དགོས་པ་དང་། ཆ་གྲངས་ཅན་གྱི་འཛིན་གྲྭ་སྟེ་འཛིན་གྲྭ་གཉིས་པ། བཞི་བ། དྲུག་པ། བརྒྱད་པ། བཅུ་བ། བཅུ་གཉིས་པ། བཅུ་བཞི་བ། བཅུ་དྲུག་པ་བཅས་སྔོན་གྱི་རྨ་ཆུ་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་དུ་མིང་ཐོ་འགོད་དགོས། ལོ་རིམ་བརྒྱད་པའི་ཡ་གྲངས་ཅན་གྱི་འཛིན་གྲྭ་སྟེ་འཛིན་གྲྭ་དང་པོ་དང་། གསུམ་པ། ལྔ་བ། བདུན་པ། དགུ་བ། བཅུ་གཅིག་པ་བཅས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་མིང་ཐོ་འགོད་དགོས་པ་དང་། ཆ་གྲངས་ཅན་གྱི་འཛིན་གྲྭ་སྟེ་འཛིན་གྲྭ་གཉིས་པ། བཞི་བ། དྲུག་པ། བརྒྱད་པ། བཅུ་བ། བཅུ་གཉིས་པ་བཅས་སྔོན་གྱི་རྨ་ཆུ་རྫོང་བོད་རིགས་བཅའ་སྡོད་མཐོ་རིམ་སློབ་འབྲིང་དུ་མིང་ཐོ་འགོད་དགོས། མིང་ཐོ་འགོད་པའི་དུས་ཚོད་ནི་སྤྱི་ལོ་༢༠༢༥ལོའི་ཟླ༢པའི་ཚེས་༢༣ཉིན་ཡིན། སློབ་གྲྭ་སློབ་ཁུལ་གཉིས་སུ་བགོས་རྗེས་སློབ་མའི་ཡིག་ཚགས་ལ་སྔར་བཞིན་འགྱུར་ལྡོག་མེད་ཅིང་། འཛིན་གྲྭ་སོ་སོའི་སློབ་མའི་གནས་ཚུལ་ལའང་འགྱུར་བ་གང་ཡང་མེད། དགེ་རྒན་གྱི་ཕྱོགས་ནས་ལས་གནས་དང་ཆེད་ལས། ན་ཚོད་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་འོས་འཚམ་སྒོས་བཀོད་སྒྲིག་བྱ་རྒྱུ་ཡིན།

སློབ་ཁུལ་གཉིས་སུ་བགོས་རྗེས་སློབ་མ་ཡོངས་ལ་འགུལ་སྐྱོད་ཀྱི་བར་སྟོང་སྔར་ལས་ཆེ་བ་དང་། སྣ་འཛོམས་རང་བཞིན་གྱི་བྱེད་ནུས་སློབ་ཁང་སོགས་སྔར་ལས་མང་བར་གྱུར་ཡོད་པ་མ་ཟད། ང་ཚོས་ཀྱང་གོམ་གང་མདུན་སྤོས་ཀྱིས་དགེ་རྒན་གྱི་ཐོན་ཁུངས་ལ་བསམ་གཞིགས་ནན་མོ་གཏོང་བ་དང་། སློབ་གསོ་སློབ་ཁྲིད་ཀྱི་དགོས་མཁོ་ཡོངས་སུ་བསྐངས་ཏེ། སློབ་གསོ་སྤུས་ལེགས་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་སློབ་གྲྭའི་དོ་དམ་ལ་ཤུགས་རྒྱག་པ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ནུས་ཤུགས་འདོན་པ་བཅས་དམིགས་སུ་བཟུང་སྟེ། ཕྱོགས་ཡོངས་ནས་སློབ་སྒྲུབ་ཆུ་ཚད་མཐོར་འདེགས་དང་སློབ་གསོ་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

མཇུག་མཐར་ང་ཚོར་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི་རྒྱ་ཆེའི་ཁྱིམ་བདག་རྣམ་པས་ང་ཚོར་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་རྒྱུ་དེ་ཡིན་ཞིང་། ང་ཚོས་ཀྱང་རང་ནུས་གང་ཡོད་ཀྱིས་ལས་ཀ་ཡོད་ཚད་ལེགས་པར་སྒྲུབ་ངེས་ཡིན་ལ། སློབ་གྲོགས་ཚོར་སྔར་ལས་ལྷག་པའི་སེམས་ཁུར་དང་མཛུབ་སྟོན་གནང་སྟེ། ཁོ་ཚོ་ཁོར་ཡུག་གསར་བ་ནས་བདེ་ཐང་དང་སྤྲོ་སྣང་གིས་ཁེངས་བཞིན་སློབ་ལ་བརྩོན་དུ་འཇུག་རྒྱུ་དང་། ཁྱིམ་བདག་དང་སློབ་གྲྭ་མཉམ་འབྲེལ་སྒོས་སློབ་མ་ཚོའི་མ་འོངས་པའི་མདུན་ལམ་ལ་འོད་སྟོང་འཕྲོ་རུ་འཇུག་རྒྱུ་དེ་ང་ཚོ་ཐུན་མོང་གི་ཕུགས་འདུན་དང་རེ་སྙེག་ཡིན།

                                                              རྨ་ཆུ་རྫོང་སློབ་གསོ་ཅུས།
སྤྱི་ལོ་༢༠༢༥ལོའི་ཟླ་༢པའི་ཚེས་༢༡ཉིན།


上一条:甘肃新闻丨(追忆草原好“曼巴”王万青)薪火相传
下一条:欧拉秀玛乡开展抗震救灾应急演练活动
关闭窗口